རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2013-04-12
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཚོ་བའི་གད་སྙིགས་དང་འཚོ་བའི་བཙོག་ཆུ། སྒོ་ཕྱུགས་ཀྱི་སྦག་བཙོག་གནོད་མེད་ཐག་གཅོད་བྱས་ནས་དེ་སྔོན་གྱི་སྦག་བཙོག་རྣམ་པར་ལེགས་བཅོས་ཐོབ་པ་དང་། ཞིང་ཁྱིམ་སོ་སོའི་སྒོ་ཁ་ན་གྲལ་དག་པའི་གད་སྙིགས་སྒམ་ཆུང་དང་ཁོད་ཡངས་བའི་ཤང་སྡེའི་གཞུང་ལམ་བཙུགས་པས་སྡེ་བའི་ཁོར་ཡུག་གསར་བ་ཞིག་མིག་ལམ་དུ་མངོན་ཡོད། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར3.75བཏང་ནས་ཞིང་ཆེན་ཡོངས་ཀྱི་རྫོང41གི་སྡེ་བ361གི་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་གཏོང་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས2009ལོར་སྐྱེ་ཁམས་དཔེ་སྟོན་གསར་སྐྲུན་བྱ་བ་ལག་བསྟར་བྱས་པའི་ཚུན་དུ། ཟི་ལིང་དང་མཚོ་ཤར། མཚོ་ནུབ། རྨ་ལྷོ་སོགས་ས་ཁུལ་གྱི་ཤང་གྲོང7དང་སྡེ་བ20ལ་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཤང་གྲོང་དང་སྐྱེ་ཁམས་སྡེ་བའི་མཚན་སྙན་བཏགས་ཡོད། ན་ནིང་གི་ལོ་མཇུག་བར་དུ། ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་བསྡོམས་པས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་དང་ཞིང་ཆེན་རིམ་པའི་ཆ་སྡེབ་མ་དངུལ་སྒོར་དུང་ཕྱུར7བཏང་ནས་ཞིང་ཆེན་ཡོངས་ཀྱི་རྫོང39ཡི་སྡེ་བ756ཏུ་ཁོར་ཡུག་མུ་སྦྲེལ་ལེགས་བཅོས་ལག་བསྟར་བྱས་པས། ཞིང་སྡེའི་མི་གྲངས་ཁྲི100ཡན་ལ་ཕན་ཁེ་བསྐྲུན་ཞིང་། ཞིང་སྡེའི་ཁོར་ཡུག་ལ་མངོན་གསལ་གྱིས་ལེགས་བཅོས་ཐོབ།
ད་ལོར། མཚོ་སྔོན་གྱིས་སྔར་བཏང་བའི་མ་དངུལ་གྱི་རྨང་གཞིའི་སྟེང་། ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར3.75བཏང་ནས། རྫོང41གི་སྡེ་བ361ཏུ་ཞིང་སྡེའི་ཁོར་ཡུག་མུ་སྦྲེལ་ལེགས་བཅོས་ལག་བསྟར་བྱས་ཤིང་། རྒྱལ་ཁབ་ཀྱི་བླང་བྱ་ལྟར་ལོ་གསུམ་གྱི་དཔེ་སྟོན་ལས་གཞི་དག་ལོ་མཇུག་སྔོན་ལ་ལེགས་འགྲུབ་བྱས་ཏེ་རྩིས་ལེན་བྱེད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10