མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-12
སྤྱི་ཟླ4བའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཅི་ལ་ཏི་དང་གྲོས་མོལ་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ4བའི་ཚེས9ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཅི་ལ་ཏི་དང་གྲོས་མོལ་མཛད།
གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། བརྟན་འཇགས་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། ས་གནས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་ཕན་པ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་སྔར་ལས་ཇེ་བཟང་དུ་སོང་ཞིང་། ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་ཀ་དེ་རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་གྱི་རྒྱབ་ལྗོངས་འོག་ལྡབ་གཅིག་འཕར་བ་དང་། མི་གཞུང་བརྗེ་རེས་ཉིན་རེར་ཇེ་མང་དུ་སོང་བར་མ་ཟད། མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་སྔར་ལས་ཇེ་མང་དུ་གཏོང་བ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡས་ཕན་ཚུན་ལ་ཡིད་ཆེས་དང་གཉིས་ཕན་མཉམ་རྒྱལ་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལ་འཕེལ་རྒྱས་སུ་གཏོང་འདོད་ཡོད། དེ་དང་མཉམ་དུ་ང་ཚོས་ཕྱི་འབྲེལ་དང་འཐབ་ཇུས་གྲོས་མོལ་དང་འཐབ་ཇུས་དཔལ་འབྱོར་གྲོས་མོལ་སོགས་ནང་རྐྱེན་བཙུགས་ཏེ། ཐབས་ལམ་མང་བོ་ནས་མཉམ་ལས་དང་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན་ཟེར།
ཅི་ལ་ཏི་ཡིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་ལྟར། ཀྲུང་གོ་ཕྱོགས་དང་མཉམ་དུ་ཆེ་ཕྱོགས་ནས་སྲིད་ཇུས་སྙོམས་སྒྲིག་བྱེད་པར་ཤུགས་སྣོན་པ་དང་ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10