ཞི་ཅིན་ཕེན་གྱིས་ཧེ་ནན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-04-12

ཞི་ཅིན་ཕེན་གྱིས་ཧེ་ནན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་པ།

  སྤྱི་ཟླ4བའི་ཚེས8ཉིན་ནས་ཚེས10ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧེ་ནན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ4བའི་ཚེས8ཉིན་ནས་ཚེས10ཉིན་བར་ཧེ་ནན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་སྐབས། ཧེ་ནན་ནི་རྒྱལ་ཡོངས་ཀྱི་དཔལ་འབྱོར་དམིགས་བསལ་ས་ཁུལ་ཆེན་པོ་ཞིག་ཡིན་པའི་ཆ་ནས་འཕེལ་རྒྱས་ཀྱི་ཁྱད་སྟོབས་མང་ཞིང་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པས། ཧེ་ནན་རྒྱལ་སྤྱིའི་གནས་སྐོར་གླིང་ཕྲན་འཛུགས་སྐྲུན་བྱེད་རྒྱུ་གཙོར་བཟུང་སྟེ་མཆོང་བསྐྱོད་རང་བཞིན་གྱི་འཕེལ་རྒྱས་བགྲོད་ལམ་ཞིག་གསར་གཏོད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་དཔེ་མཚོན་ཞིག་གསར་སྐྲུན་བྱས་ནས། མཛེས་པའི་ཧེ་ནན་གསར་བ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

  ཞི་ཅིན་ཕེན་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་གསུམ་ལོའི་ལོ་ཚོགས་ཀྱི་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རྗེས། ཧེ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅ་ལོ་པོ་མེན་དང་ཧྲིན་ཀྲང་ཅང་ཏེན་ཀྲི་སོགས་ཀྱི་འགྲོ་རོགས་འོག ཆོན་ཧེ་དང་སན་ཡ་སོགས་ཀྱི་ཉ་ལས་གྲུ་ཁ་དང་ཁྱད་ཆོས་ཡོད་པའི་ཞིང་ལས་ཐོན་ལས་ར་བ། རྒྱལ་སྤྱིའི་འགྲུལ་སྐྱེལ་གྲུ་ཁ་བཅས་ལ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།

  རྟོག་ཞིབ་མཛད་སྐབས་ཞི་ཅིན་ཕེན་གྱིས་ཧེ་ནན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད། ཧེ་ནན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ལ་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཧེ་ནན་རྒྱལ་སྤྱིའི་གནས་སྐོར་གླིང་ཕྲན་འཛུགས་སྐྲུན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི་ལས་བྱེད་པ་ཡིན་པས། ལས་བྱེད་པར་སྣེ་ཁྲིད་བྱས་ཏེ་ཡང་དག་གི་ཆབ་སྲིད་ཁ་ཕྱོགས་གསལ་བོ་བྱེད་པ་དང་། བྱ་བའི་ནུས་པ་ཇེ་ཆེར་གཏོང་དགོས་ལ། ལག་ལེན་ཁྲོད་དུ་ཉམས་མྱོང་ཕུན་སུམ་ཚོགས་པར་གཏོང་བ་དང་བློ་གྲོས་དང་ཤེས་རིག་སྔར་ལས་རྒྱས་པར་བྱས་ནས། ཁོར་ཡུག་མི་འདྲ་བ་དང་ལྷག་པར་དུ་དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་གོམས་པར་བྱེད་པ་དང་། འགལ་བ་སྣ་ཚོགས་དང་ལྷག་པར་དུ་རྙོག་འཛིང་ཆེ་བའི་འགལ་བ་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་དགོས། བྱ་བའི་སྤྱོད་ཚུལ་སྒྱུར་སྐབས་གནད་དོན་ཡོད་ན་དུས་ཐོག་ཏུ་ཤེས་དགོས་པ་དང་། གནད་དོན་ཤེས་རྗེས་དུས་ཐོག་ཏུ་ཐག་གཅོད་དགོས་ལ། ཐག་བཅད་པའི་གནད་དོན་ཡང་བསྐྱར་མི་འབྱུང་བར་བྱེད་དགོས་ཟེར།  །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་ཆེན་མོའི་ཀྲུའུ་ཞི་ཨུན་ཧི་པོ་ལེ་ཏི་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཅི་ལ་ཏི་དང་གྲོས་མོལ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།