མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-11
སྤྱི་ཟླ4བའི་བའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧེ་ནན་ཞིང་ཆེན་གྱི་པོ་ཨོ་ནས་མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་ཆེན་མོའི་ཀྲུའུ་ཞི་ཨུན་ཧི་པོ་ལེ་ཏི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ4བའི་ཚེས7ཉིན་ཧེ་ནན་ཞིང་ཆེན་གྱི་པོ་ཨོ་ནས་མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་ཆེན་མོའི་ཀྲུའུ་ཞི་ཨུན་ཧི་པོ་ལེ་ཏི་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་མོང་གོལ་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། མོང་གོལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཀྲུང་གོའི་མཐའ་འཁོར་གྱི་ཕྱི་ཕྱོགས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གཙོ་བོ་ཡིན། དེང་སྐབས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་དང་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས། ཀྲུང་གོ་དང་མོང་གོལ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་དགོས་པར་མ་ཟད། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།
ཨུན་ཧི་པོ་ལེ་ཏི་ཡིས་བཤད་རྒྱུར། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་འགྲོ་འོང་སྲུང་འཛིན་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། ཞིང་ལས། སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། མོང་གོལ་ཕྱོགས་ཀྱིས་ད་དུང་ནུས་ལྡན་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་མོང་གོལ་ལ་ཡོང་ནས་མ་དངུལ་གཏོང་བར་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་ངེས་ཡིན་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10