མཚོ་སྔོན་གྱིས་སློབ་ན་མ་སོན་པའི་བྱིས་པ་ཁྲི6.75ལ་བྱིས་གསོ་སློབ་གསོའི་རོགས་དངུལ་སྤྲད་པའི་ཁེ་ཕན་ཐོབ།

(མིག་དམར་གྱིས་བསྒྱུར།)        2013-04-09

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། ཟླ་བ3པའི་ཚེས1ཉིན་ནི་མཚོ་སྔོན་སློབ་གྲྭ་ཆུང་འབྲིང་གི་སློབ་འགོ་ཚུགས་པའི་ཉིན་མོ་ཡིན། མཚོ་སྔོན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་རྒྱུར། ད་ལོའི་དཔྱིད་དུས་སློབ་འགོ་ཚུགས་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་བྱས་ཏེ་བཙུགས་པའི་བྱིས་པ་ཁང་གི་སློབ་ན་མ་སོན་པའི་ལོ་རིམ་གཅིག་གི་སློབ་གྲྭར་ཡོད་པའི་བྱིས་པར་བྱིས་གསོ་སློབ་གསོའི་རོགས་དངུལ་སྤྲད་དེ་སློབ་ན་མ་སོན་པའི་བྱིས་པ་ཁྲི6.75ལ་ཁེ་ཕན་ཐོབ་པ་རེད།
     མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་སློབ་ན་མ་སོན་པའི་སློབ་གསོ་གཞུང་ལས་ཁང་གི་འགན་ཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན།  ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་འདིར་མ་དངུལ་གཏོང་ཚད་སྒོར་ཁྲི3404.6ལ་ཟིན་ཞིང་མཚོ་སྔོན་ཞིང་ཆེན་རྫོང་རིམ་པ་ཡན་གྱི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་བྱས་ཏེ་བཙུགས་པའི་བྱིས་པ་ཁང་གི་འཛིན་གྲྭ་ཆེ་བ་དང་སློབ་གྲྭས་ཟུར་འཛུགས་བྱེད་པའི་སློབ་ན་མ་སོན་པའི་ཕྲུ་གུའི་འཛིན་གྲྭའི་སློབ་མ་རེར་ཕན་ཐོགས་རྒྱུ་རེད།ལོ་རེར་གྲོང་ཁྱེར་དང་གྲོང་རྡལ་གྱི་བྱིས་པ་ཁང་གི་བྱིས་པ་རེར་སྒོར800ལས་མི་ཉུང་བ་དང་ཞིང་འབྲོག་ས་ཁུལ་གྱི་བྱིས་པ་ཁང་གི་བྱིས་པ་རེར་སྒོར1200ལས་མི་ཉུང་བ་ཚད་ལྡན་བྱས་ཏེ་སྤྲོད་རྒྱུ་རེད། རོགས་དངུལ་དེ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་བརྒྱ་ཆ80དང་ཁུལ་དང་རྫོང(ས་ཁུལ་དང་གྲོང་ཁྱེར་འདུས)གིས་བརྒྱ་ཆ20འགན་ཁུར་རྒྱུ་རེད།
  • ལེ་ཚན་སྔོན་མ།:སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སློབ་གྲྭ་ཚང་མས་ཟས་རིགས་ཆུད་ཟོས་གཏོང་བ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོ
  • ལེ་ཚན་རྗེས་མ།:“གཟི་རྩ་སྡེ་དགུའི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཐད་ཀྱི་གནད་འགག་ལག་རྩལ་མཉམ་ལས་ཞིབ་འཇུ
  • དོ་སྣང་ཆེ་བའི་རྩོམ།