“གཟི་རྩ་སྡེ་དགུའི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཐད་ཀྱི་གནད་འགག་ལག་རྩལ་མཉམ་ལས་ཞིབ་འཇུག”ལས་གཞིར་ཚན་རྩལ་པུའུ་ཡིས་དངོས་སུ་ཆོག་མཆན་བཀོད་པ།

    རྔ་བ་གསར་འགྱུར་དྲ་བ།    2013-04-10

ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་རྫོང་གི་གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་དོ་དམ་ཅུའུ་ཡིས་འགན་འཁུར་ནས་ཨུ་རུ་སི་སོགས་རྒྱལ་ཁབ་ཀྱི་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རྩལ་དང་མཉམ་ལས་གནང་བའི་ལས་གཞི་སྟེ“གཟི་རྩ་སྡེ་དགུའི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཐད་ཀྱི་གནད་འགག་ལག་རྩལ་མཉམ་ལས་ཞིབ་འཇུག”གི་ལས་གཞིར་ཚན་རྩལ་པུའུ་ཡིས་དངོས་སུ་ཆོག་མཆན་བཀོད་པ་དང་། རྒྱལ་ཁབ་ཚན་རྩལ་པུའུ་ཡིས་རྩ་འཛུགས་གནང་བའི་ཆེད་མཁས་པས་ཞིབ་བཤེར་བྱས་པ་བརྒྱུད། རྒྱལ་ཁབ་ཚན་རྩལ་པུའུ་ཡི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཆེད་དམིགས་ལས་གཞིའི་ནང་བཀོད་པའི་ཆོག་མཆན་ཐོབ་པ་མ་ཟད། ད་རུང་རྒྱལ་ཁབ་ནོར་སྲིད་ཀྱིས་མ་དངུལ་སྒོར366གི་རོགས་སྐྱོབ་ཐོབ་པས། གཟི་རྩ་སྡེ་དགུའི་སྐྱེ་ཁམས་སྲུང་སྐྱོང་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་ལྟེ་གནས་བཙུགས་ཚུན་དུ་མ་དངུལ་རོགས་སྐྱོར་ཆེས་མང་ཐོབ་པའི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལས་གཞི་ཡིན་པ་རེད།

ཐེངས་འདིའི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལས་གཞིས་གཟི་རྩ་སྡེ་དགུའི་ཆུའི་ཁོར་ཡུག་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་གནད་འགན་ལག་རྩལ་ནི་སྤྱིའི་དམིགས་འབེན་དུ་བཟུང་སྟེ། ཀྲུང་ཕྱོགས་ཀྱི་ལས་ཁུངས་གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་དོ་དམ་ཅུའུ་ཡིས་སྣེ་ཁྲིད་དེ། ཀྲུང་གོའི་ཚན་རྩལ་གླིང་ཁྲིན་ཏུའུ་སྐྱེ་དངོས་ཞིབ་འཇུག་སའོ་དང་གཟི་རྩ་སྡེ་དགུ་རྫོང་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་ལྟེ་གནས། དེ་མིན་ཕྱི་ཕྱོགས་ཀྱི་མཉམ་ལས་སྡེ་ཁག་ཨུ་རུ་སུའི་མོ་སི་ཁོ་སློབ་ཆེན་སོགས་ལས་ཁུངས5དང་མཉམ་དུ་མཉམ་ལས་དང་མཉམ་འབྲེལ་ཞིབ་འཇུག་བྱས་ནས། ནུས་པ་གང་ཡོད་སྒོས་རང་རང་སོ་སོའི་ཆེད་ལས་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་དམིགས་ཡུལ་ཡོད་པའི་སྒོ་ནས་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་སྤེལ་རྒྱུ་དང་། གཟི་རྩ་སྡེ་དགུའི་ལྟེ་སྙིང་མཛེས་ལྗོངས་ཁུལ་གྱི་ཆུ་མང་ཉུང་གི་ཚད་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་པའི་སྔོ་ཁེབས་སྐྱེ་ཁམས་མྱུག་གསོའི་ལག་རྩལ་དང་། དེ་མིན་ལྟེ་སྙིང་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཉམས་ཉེན་ཉེན་བཤོལ་དང་ཁ་གཏད་འཇལ་བའི་གནད་འགག་ལག་རྩལ་བཅས་ནང་འདྲེན་བྱེད་རྒྱུ་དང་། ལག་རྩལ་ནང་འདྲེན་ཁོང་དུ་ཆུད་པ་དང་ཐུན་མོང་གིས་གསར་གཏོད་བྱེད་རྒྱུར་བརྟེན་ནས། གཟི་རྩ་སྡེ་དགུ་གནས་སྐོར་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་དང་ཆུའི་ཐོན་ཁུངས་བསྟུད་མུར་གོང་དུ་འཕེལ་འཐུས་པར་སྐུལ་འདེད་བྱེད་རྒྱུ་རེད། 

  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་སློབ་ན་མ་སོན་པའི་བྱིས་པ་ཁྲི6.75ལ་བྱིས་གསོ་སློབ་གསོའི་རོགས་དངུལ་སྤྲད་པའི་ཁེ་ཕན་ཐོབ།
  • ལེ་ཚན་རྗེས་མ།:ད་ལོའི་དུས་ཚིགས་དང་པོར་གཟི་རྩ་སྡེ་དགུ་རྫོང་གི་ནོར་སྲིད་ཡོང་འབབ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།