གཞི་རིམ་གྱི་ཆེས་མཛེས་པའི་ལས་བྱེད་པ་སྟེ། མི་སེར་གྱི་དོན་ཆུང་ནི་གནམ་ས་ལས་འགངས་ཆེ་མཁན།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-04-03

འགྱུར་མེད་རྡོ་རྗེ་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་དབའ་ཞབས་ཤང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་སྔོན་མའི་འགན་འཁུར་མྱོང་ལ། 2012ལོའི་སྤྱི་ཟླ5པའི་ཚེས19ཉིན་ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་ཀླད་ཁྲག་འདྲེས་ནས་ལས་རྐང་ཐོག་ཚེ་ལས་འདས། འགྱུར་མེད་རྡོ་རྗེ་ནི་དཀར་མཛེས་ཁུལ་གྱི་གཞི་རིམ་ལས་བྱེད་པའི་ནང་ཆེས་སྤྱིར་བཏང་གི་ལས་བྱེད་པ་དཀྱུས་མ་ཞིག་ཡིན་པས། ཁོང་གི་བྱ་གཞག་གསར་འགྱུར་ལས་ཁུངས་ཁག་གིས་དྲིལ་བསྒྲགས་བྱས་རྗེས། ས་གནས་ཁག་ཏུ་ཤུགས་རྐྱེན་ཡག་པོ་ཐེབས་པ་རེད། ཡུན་མི་རིང་བའི་སྔོན་དུ་འགྱུར་མེད་རྡོ་རྗེ་ལགས2013ལོར་རྒྱལ་ཡོངས་ཀྱི་ཐེངས་དང་པོར་གལ་འགངས་ཆེ་བའི་དྲིལ་བསྒྲགས་ཀྱི་དཔེར་འོས་ཤིག་ཏུ་གྱུར་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་བོད་ཁུལ་དུ་ཐོན་པའི་གཞི་རིམ་གྱི་ཨང་དང་པོའི་བོད་རིགས་ཀྱི་ལས་བྱེད་པ་དཔེ་འོས་ཤིག་ཀྱང་ཡིན་པ་རེད།  

གཞི་རིམ་གྱི་ཆེས་མཛེས་པའི་ལས་བྱེད་པ་སྟེ། མི་སེར་གྱི་དོན་ཆུང་ནི་གནམ་ས་ལས་འགངས་ཆེ་མཁན།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་ཤང་དང་གྲོང་རྡལ་གྱི་སྲིད་གཞུང་ཡོད་ཚད་ལ་ཟ་མ་མཉམ་ཟ་བྱེད་སའི་ཟ་ཁང་ཆུང་ཆུང་རེ་ཡོད་ལ། ཟ་ཁང་གི་སྤྱོད་ནུས་ཟ་མ་ཟ་ས་ཙམ་མ་ཟད། ད་རུང་ཟ་ཁང་དུ་ཚ་དྲོད་ཅུང་ལྡན་པས་ཤང་གི་དངོས་གཞི་མིན་པའི་ཚོགས་འདུ་འཚོགས་ས་དང་འགྲུལ་པར་སྣེ་ལེན་བྱེད་ས་བྱས་ན་མ་གཏོགས་གཞན་པའི་ཁང་པ་ཚང་མ་འཁྱགས་དོང་ལྟར་གྲང་མོར་ལྷག་ཡོད་པ་རེད། ཡུལ་དེའི་གནམ་གཤིས་གོར་ཐིག་མན་གྱི་ཨང་གྲངས་ཉི་ཤུ་རྩ་བདུན་བརྒྱད་ལ་སླེབས་ནའང་དྲོད་གསོ་སྒྲིག་ཆས་ཅི་ཡང་མེད་པར་ལུས་འདུག

འགྱུར་མེད་རྡོ་རྗེ་ནི་རྫོང་དེའི་ལུང་བསྟན་ཤང་གི་ཤང་ཀྲང་བྱེད་མྱོང་ཞིང་། ཁོ་རང་ལོ་ན30ལྷག་ལས་སོན་མེད་ནའང་ལུས་པོ་དེ་ཙམ་བདེ་ཐང་མ་ཡིན་ལ། ཁོ་རང་ལོ་མང་པོ་རིང་ཕལ་ཆེར་རི་འགོར་ལས་དོན་སྒྲུབ་སར་འགྲོ་གི་ཡོད། ལས་རོགས་བྱེད་མྱོང་བའི་རོགས་པ་ཚོས་འགྱུར་མེད་རྡོ་རྗེས་ནམ་ཡིན་ན་བོད་པའི་ཟས་ཁང་ནང་གི་གྱོང་ངོས་ཀྱི་འཛེར་མའི་ཐོག་སྨན་ཆུའི་ཁུག་མ་དེ་ཡར་འཕྱངས་ནས་མེར་སྲོ་ཞོར་དུ་ཚོགས་འདུ་འཚོག་ཟེར་ནས་འབོད་བཞིན་པ་རེད། ཁོང་ལ་མཚོན་ན་ལས་རོགས་ཚོ་དང་མཉམ་དུ་མེ་ཐབ་ཀྱི་ཟུར་དུ་གནམ་ཁབ་རྒྱག་ཞོར་དུ་འཚོག་འདུ་འཚོགས་ཆོག་པ་ནི་ཐོབ་དཀའ་བའི་བདེ་སྐྱིད་ཀྱི་ཉིན་མོ་རེད་ཅེས་ཟེར། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3600ལ་སླེབས་པའི་ས་ཆ་དེར་འགྱུར་མེད་རྡོ་རྗེས་འགན་བཞེས་མ་ཐག་དཀའ་གནད་ཆེ་བའི་ལས་ཀ་དང་འཕྲད་པ་རེད།
 
  བོད་ཁུལ་གྱི་འབྲོག་མི་ཚོས་རྩྭ་ཆུ་བསྙེགས་ནས་རུ་སྤོ་ཕྱུགས་འཚོའི་འཚོ་བ་རོལ་སྟངས་དེ་ལོ་ངོ་སྟོང་ལ་བརྒལ་ཡོད་མོད། ཡིན་ནའང་གནས་སྤོ་ཕྱུགས་འཚོ་བྱེད་པའི་འཚོ་བས་མི་རྒན་ཚོས་ནད་བསྟན་དཀའ་བ་དང་ཕྲུ་གུ་སློབ་གྲྭར་འགྲོ་དཀའ་བ། འབྲོག་མི་ཚོས་སྲིད་གཞུང་གིས་མཁོ་འདོན་བྱས་པའི་སྤྱི་པའི་ཞབས་ཞུའང་ལོངས་སུ་སྤྱོད་དཀའ་བ་རེད། སྲིད་གཞུང་གིས་འབྲོག་པའི་གཞིས་ཆགས་བྱ་ཡུལ་བསྐྲུན་པའི་ལས་ཀ་དེ་ནི་དམངས་འཚོའི་ལས་གཞི་ཆེན་པོ་ཞིག་དང་དོན་ཆེན་ཞིག་ཡིན། རེད་དེ་གནས་སྤོ་ཕྱུགས་འཚོའི་འཚོ་བར་གོམས་གཤིས་ཆགས་ཟིན་སྟབས། དུད་ཚང་རེར་ཁ་གསབ་རོགས་དངུལ་སྒོར་ཁྲི་གཉིས་གསུམ་ཙམ་གྱི་གཟིགས་སྐྱོང་ཆ་རྐྱེན་ཡོད་ཀྱང་གཞིས་ཆགས་རྒྱུར་དེ་ཙམ་དང་ལེན་བྱེད་དཀའ་བས། འགྱུར་མེད་རྡོ་རྗེས་དེ་ནས་རི་འགོར་དུད་ཚང་རེ་རེ་བཞིན་ལ་བསམ་བློའི་སློབ་གསོ་རྒྱག་སར་ཕྱིན་འགོ་ཚུགས་པ་རེད།
   རྫོང་དེའི་ལུང་བསྟན་ཤང་གཅིག་པུར་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ380ཡོད། ཁོ་རང་རླངས་འཁོར་ལ་བསྡད་ནས་འགྲོ་ལམ་མེད་སྐབས་མའོ་ཐོ་འཁོར་ལོར་བཞོན་པ་དང་། མའོ་ཐོ་འཁོར་ལོར་མི་ཐོན་སར་རྟ་བཞོན་ནས་སོང་བ། རྟ་འགྲོ་མི་ཐུབ་སར་རྟ་ཁྲིད་ནས་སོང་བ། ཁོས་དུད་ཚང་རེ་རེ་བཞིན་སྲིད་ཇུས་ཡག་པོ་དེ་འདྲ་ཡོད་འདུག ཁྱོད་ཚོས་དེ་འདྲའི་གོ་སྐབས་བཟང་པོ་ཤོར་ཉན་མ་རེད།གཞིས་ཆགས་བྱ་ཡུལ་དུ་ཕྱིན་ན་དགའ་བ་རེད་ཅེས་བསླབ་བྱ་ཡང་ཡང་བཏང་ཞིང་། ཁོང་གིས་ངང་རིང་ཞིབ་ཚགས་ཀྱིས་བསླབ་བྱ་བརྒྱབ་སྟབས་འབྲོག་མི་ཚོ་མཐར་སྡོད་ཁང་གསར་པའི་ནང་བསུ་ཐུབ་པ་རེད། དྭངས་ཞིང་གཙང་བའི་སྡོད་ཁང་གསར་པའི་ནང་ཁྱིམ་ཆས་སྤོས་ཟིན་པ་དང་ཁོར་ཡུག་སྲུང་སྐྱོང་གི་སྤྱོད་ཁང་ཡང་སྒྲིག་སྦྱོར་བྱས་ཡོད། འགྱུར་མེད་རྡོ་རྗེས་གདོང་ལ་རྔུལ་ཆུ་ཟགས་ཞོར་ཁྱིམ་ཆས་སྤོ་རོགས་བྱེད་པར་བྲེལ་བཞིན་ཡོད། སྡོད་ཁང་གསར་པའི་ནང་སྤོས་ཟིན་པའི་འབྲོག་མི་ཚོས་འཚོ་བ་གསར་པ་རོལ་ནས་དགའ་སྤྲོའི་རྣམ་པ་རབ་ཏུ་ཁེངས། འབྲོག་པའི་ཕྲུག་གུ་མི་ཉུང་བ་སློབ་གྲྭར་ཕྱིན་ནས་ཤང་གི་ལོ་ན་རེན་པའི་ཕྲུ་གུ་སློབ་ཆུང་སློབ་གྲྭར་ཞུགས་ཚད་མཐོ་རུ་ཕྱིན་ནས་སློབ་མ་བརྒྱ་ཙམ་འཕར་སྣོན་བྱུང་ཡོད་པ་རེད། མཐོ་གཞོངས་འབྲོག་ཁུལ་གྱི་བུ་ཕྲུག་ཚོའི་ཁྱིམ་གཞིས་ཐར་ཐོར་དུ་གནས་ཡོད་སྟབས།འབྲོག་ཁུལ་གྱི་སློབ་གྲྭས་ཁྱིམ་བདག་གི་ཚོགས་འདུ་ཞིག་འཚོག་དགོས་བསམ་ནའང་ལས་སླ་མོ་མ་རེད། སློབ་གཙོས་འགྱུར་མེད་རྡོ་རྗེ་བཙལ་ནས་དཀའ་གནད་ཞུས་ཤིང་།དེ་ནས་འགྱུར་མེད་རྡོ་རྗེས་ཁ་ཆ་བསྐུར་ནས་བརྡ་ཡིག་བཏང་རོགས་བྱས། གཟའ་འཁོར་གཅིག་འགོར་རྗེས་ཤང་གི་ལྟེ་བའི་སློབ་ཆུང་དུ་སྔོན་བྱུང་མ་མྱོང་བའི་གཞི་ཁྱོན་ལྡན་པའི་ཁྱིམ་བདག་གི་ཚོགས་འདུ་ཞིག་འཚོགས་ནས་ཁྱིམ་བདག་ཡོད་ཚད་སླེབས་པ་རེད།

 
0
  • ལེ་ཚན་སྔོན་མ།:མཚོ་སྔོན་བོད་ཡིག་ལག་འཁྱེར་ཁ་པར་གསར་འགྱུར་ཚོད་ལྟའི་ངང་སྤེལ་ཟིན།
  • ལེ་ཚན་རྗེས་མ།:ལིག་ཡུན་ཧྲན་གྱིས་ཐེན་ཅིན་གྲོང་ཁྱེར་དུ་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།