མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-03
སྤྱི་ཟླ3པའི་ཚེས28དང་ཚེས29ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་ཐེན་ཅིན་གྲོང་ཁྱེར་དུ་བྱ་བར་རྟོག་ཞིབ་མཛད།
སྤྱི་ཟླ3པའི་ཚེས28དང་ཚེས29ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་ཐེན་ཅིན་གྲོང་ཁྱེར་དུ་བྱ་བར་རྟོག་ཞིབ་མཛད།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས28དང་ཚེས29ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་ཐེན་ཅིན་གྲོང་ཁྱེར་དུ་བྱ་བར་རྟོག་ཞིབ་མཛད་སྐབས། སྲིད་ཇུས་དང་བྱེད་ཕྱོགས་ཆེན་པོ་གཏན་ལ་ཕབ་ཡོད་པ་དང་ཁ་ཕྱོགས་དང་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ཡོད་པས། གནད་འགག་ནི་དངོས་འབེབས་བྱ་བ་དམ་འཛིན་བྱེད་རྒྱུ་དེ་ཡིན་ཞེས་ནན་གྱིས་བསྟན།
ལིག་ཡུན་ཧྲན་ཁེ་ལས་དང་སྡེ་བ། གྲོང་བརྡལ། སྡོད་ཁུལ། རིག་གནས་ལས་ཁུངས་སོགས་ལ་ཕེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་དང་གཞི་རིམ་གྱི་ཏང་ཡོན་རྒན་པར་འཚམས་འདྲི་མཛད་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་ཐད་ནས་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཉམས་མྱོང་བརྗེ་རེས་མཛད། རྟོག་ཞིབ་མཛད་སྐབས་ལིག་ཡུན་ཧྲན་གྱིས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་དང་མང་ཚོགས་ཀྱི་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་བསམ་འཆར་དང་གྲོས་གཞི་ལ་ཉན། ལིག་ཡུན་ཧྲན་གྱིས་ད་དུང་ཐེན་ཅིན་གྲོང་ཁྱེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་སོགས་ཕྱོགས་སོ་སོའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།
ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་བཏོན་པ་དང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བཀོད་སྒྲིག་བྱས། ང་ཚོར་རྩ་འཛིན་བཟང་བོ་དང་ཇུས་གཞི་བཟང་བོ་ཡོད་པས། དངོས་གཉེར་བདེན་འཚོལ་གྱི་སྙིང་སྟོབས་དར་སྤེལ་བཟང་བོ་བྱེད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དངོས་འབེབས་བྱ་བ་དམ་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེ་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10