བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-03-27
རི་མོ་བ་ཉི་མ་ཚེ་རིང་ལགས་ཀྱི་བརྩམས་ཆོས《ཁོང་དེ་ན་ཡོད་པས་ཡིན》།
རི་མོ་བ་ཉི་མ་ཚེ་རིང་ལགས་ཀྱི་བརྩམས་ཆོས《དཀར་ནག་གི་འཇིག་རྟེན》།
ཉེ་ཆར་པེ་ཅིང་མི་རིགས་རིག་གནས་ཁང་དུ“མི་རིགས་ཀྱི་མེ་ཏོག་སྣ་བརྒྱའི་མཛེས་རིས་བགྲོ་གླེང་འགྲེམ་སྟོན”ཞེས་པ་སྤེལ་ཞིང་། དེའི་ཁྲོད་བོད་ཀྱི་རི་མོ་བ་ཉི་མ་ཚེ་རིང་ལགས་ཀྱི《དཀར་ནག་གི་འཇིག་རྟེན》དང《ཁོང་དེ་ན་ཡོད་པས་ཡིན》ཞེས་པར་ཀུན་གྱི་དང་བསྟོད་ཐོབ་པ་རེད།
ཐེངས་འདིའི་མཛེས་རིས་འགྲེམ་སྟོན་སྟེང་བོད་རིགས་དང་སོག་རིགས། ཡུས་ཀུའུ་རིགས། མན་ཇུ་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་པ་དང་རྒྱ་རིགས་སྒྱུ་རྩལ་པ་རྣམས་ཀྱི་མཛེས་རིས་བརྩམས་ཆོས36ཡོད་ཅིང་། བརྩམས་ཆོས་མང་ཆེ་ཤས་ཀྱིས་གྲངས་ཉུང་མི་རིགས་ཀྱི་འཚོ་བའི་གནས་བབ་བརྗོད་བྱ་རུ་བྱས་ནས། གྲངས་ཉུང་མི་རིགས་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་དང་། སྤྱི་ཚོགས་འཚོ་བ། ཡུལ་སྲོལ་གོམས་གཤིས་སོགས་འཚོ་བའི་རྣམ་པ་བཟང་བོ་མངོན་མཚོན་བྱས་འདུག
རི་མོ་བ་ཉི་མ་ཚེ་རིང་ལགས་ནི་སི་ཁྲོན་འབའ་ཐང་རྫོང་ནས་ཡིན་པ་དང་། སི་ཁྲོན་མཛེས་རིས་སློབ་གླིང་ནས་མཐར་ཕྱིན་ལ། ཁོང་ཉིད་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་པན་ཆེན་གྱི་ལྷ་རིས་པ། ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཁོངས་མི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10