ལྷ་ས་བརྙན་འཕྲིན་ཁང་གིས་ལེ་ཚན་གཉིས་གསར་དུ་བསྣན་པ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-03-27
བོད་ལྗོངས་ལྷ་ས་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཁང་རིག་གནས་གནས་སྐོར་ལེ་ཚན་དང་བོད་སྐད་ཕྱོགས་བསྡུས་ལེ་ཚན་གཉིས་ལོ་གཅིག་རིང་ལ་གྲ་སྒྲིག་བྱས་པར་བརྒྱུད་ནས། ཟླ3པའི་ཚེས26ཉིན་ནས་གཏོང་འགོ་རྩོམ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ལྷ་ས་བརྙན་འཕྲིན་ཁང་གི་གསར་དུ་བསྣན་པའི་རིག་གནས་གནས་སྐོར་ལེ་ཚན་ནི་ཆེད་ལས་ཅན་གྱི་ལེ་ཚན་ཞིག་ཡིན་ཏེ། ལྷ་སའི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་ཐོན་ཁུངས་ལ་རྐང་ཚུགས་ནས་ལྷ་སའི་རིག་གནས་གནས་སྐོར་གྱི་འཕེལ་རྒྱས་དང་ཁྱད་དུ་འཕགས་པའི་གཟི་དཔལ་མངོན་མཚོན་བྱེད་པ་ཡིན། ལྷ་ས་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་དུ་བསྣན་པའི་བོད་སྐད་ལེ་ཚན་ཁྲོད《སྐྱིད་ཆུའི་བཀྲ་ཤིས་སྨོན་འདུན》དང་། 《རིག་གནས་ཀྱི་ལྷ་ས》། 《རྒྱལ་སྤྱིའི་གསར་འགྱུར》། 《ལྷ་སའི་གསར་འགྱུར》། 《བདེ་སྐྱིད་ཀྱི་ལྷ་ས》བཅས་འདུས་པ་རེད།