བོད་ལྗོངས་འཕྲིན་དྲ། 2013-03-27
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་སྤྱི་ཟླ5བའི་ནང་། དམངས་གཉེར་ཁེ་ལས་ཀྱི་གདན་ཞུས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། སྤྱི་ཟླ6པའི་ནང་བོད་ལྗོངས་མི་རིགས་སློབ་གླིང་སོགས་སློབ་གྲྭས་སློབ་ཆེན་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུའི་ཚོགས་འདུ་ཚོགས་ནས། ལས་ཞུགས་ལས་གནས་ཆ་འཕྲིན་མཁོ་འདོན་བྱེད་རྒྱུ་ཡིན་ལ། སྤྱི་ཟླ9པར་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་གཟའ་འཁོར་བྱེད་སྒོ་སྤེལ་ནས། སློབ་ཆེན་སློབ་ཐོན་སློབ་མར་སྲིད་ཇུས་དྲིལ་བསྒྲགས་དང་སྲིད་ཇུས་བློ་འདྲི། ལས་ཞུགས་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུ་སྒྲུབ་རྒྱུ་བཅས་མ་ཟད། འབྲེལ་ཡོད་ཚན་པ་དང་སློབ་ཆེན་གྱིས་ལས་ཞུགས་ཞབས་ཞུའི་ལས་དོན་ཚད་ལྡན་ཅན་དང་། ཚན་རིག་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས། སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10