ལིག་ཡུན་ཧྲན་གྱིས་ཐན་སང་ཉི་ཡ་གསར་བརྗེ་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-03-25

ལིག་ཡུན་ཧྲན་གྱིས་ཐན་སང་ཉི་ཡ་གསར་བརྗེ་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་བ།

  སྤྱི་ཟླ3པའི་ཚེས20ཡི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཨ་པུའུ་ཏུའུ་ལཱ་མཱན.ཅི་ནཱ་ནཱ་ཡིས་ཁྲིད་པའི་ཐན་སང་ཉི་ཡ་གསར་བརྗེ་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།

ལིག་ཡུན་ཧྲན་གྱིས་ཐན་སང་ཉི་ཡ་གསར་བརྗེ་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་བ།

 སྤྱི་ཟླ3པའི་ཚེས20ཡི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཨ་པུའུ་ཏུའུ་ལཱ་མཱན.ཅི་ནཱ་ནཱ་ཡིས་ཁྲིད་པའི་ཐན་སང་ཉི་ཡ་གསར་བརྗེ་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་སྤྱི་ཟླ3པའི་ཚེས20ཡི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཨ་པུའུ་ཏུའུ་ལཱ་མཱན.ཅི་ནཱ་ནཱ་ཡིས་ཁྲིད་པའི་ཐན་སང་ཉི་ཡ་གསར་བརྗེ་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།

  ལིག་ཡུན་ཧྲན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཐན་སང་ཉི་ཡ་གཉིས་ཀྱིས་ཡུན་རིང་བོར་ཕན་ཚུན་ལ་རྒྱབ་སྐྱོར་དང་མཉམ་ལས་དམ་པོ་བྱས་ཏེ་མཛའ་བརྩེ་ཟབ་མོ་ཆགས་ཡོད། ཞི་ཅིན་ཕེན་ཀྲུའུ་ཞི་ལ་བདམས་རྗེས་ཐེངས་དང་པོར་འཚམས་འདྲི་བྱེད་པའི་ཁྲོད་དུ་ཐན་སང་ཉི་ཡ་ཡོད་པ་འདིས་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་ཐུབ་ངེས་ཡིན་ཟེར།

  ལིག་ཡུན་ཧྲན་གྱིས་མགྲོན་པོ་རྣམས་ལ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། ལིག་ཡུན་ཧྲན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་པ་བཏོན་རྗེས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ལ་སྤྲོ་སེམས་ཆེན་པོ་བསྐྱེད། ཀྲུང་གོའི་ཕུགས་འདུན་གྱི་གཞི་རྩའི་ནང་དོན་ནི་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་ཡོང་རྒྱུ་བཅས་ཡིན་ལ། ཀྲུང་གོའི་ཕུགས་བསམ་མངོན་འགྱུར་བྱེད་དགོས་ན་བྱ་སྤྱོད་དངོས་ཀྱི་སྟེང་ནས་བྱ་བ་སྒྲུབ་དགོས་པ་དང་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་མཉམ་དུ་འབད་བརྩོན་བྱེད་དགོས་པ་མ་ཟད། མི་རེ་རེས་རང་གི་ལས་གནས་ལ་རྐང་བཙུགས་ནས་རང་ཉིད་ཀྱི་བྱ་བ་བཟང་བོར་སྒྲུབ་པར་རག་ལས་ཡོད་ཟེར།

  ཅི་ནཱ་ནཱ་ཡིས་ཀྲུང་གོ་མི་དམངས་ཀྱིས་རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་བདེ་བླག་ངང་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར། ཁོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་འགྱངས་པར་ཐན་སང་ཉི་ཡར་འཚམས་འདྲི་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོས་རྗེས་ངེད་རྒྱལ་ཁབ་སྤྲོ་བ་ཆེན་པོ་སྐྱེས་ཡོད་ལ། འདིས་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་ཨ་ཧྥེ་རུ་ཁ་གླིང་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་པ་མཚོན་ཡོད་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་ཧྥེ་རུ་ཁ་གླིང་དང་ཀྲུང་གོའི་བར་གྱི་རབས་དུ་མའི་མཛའ་མཐུན་འབྲེལ་བ་བརྒྱུད་བསྒྲགས་བྱས་ཡོད་ཟེར།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཝང་ཅ་རོས་མཇལ་འཕྲད་ལ་ཞུགས།  །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཨུ་རུ་སི་དང་ཐན་ཙན་ནི་ཡ་སོགས་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཁར་ཨུ་རུ་སིའི་ཐ་སི་གསར་འགྱུར་ཁ
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།