ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-03-25
ཕན་ཅི་ཝུན་གྱིས། ཞི་ཅིན་ཕིན་ཀྲུང་གོས་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཕན་ཅི་ཝུན་གྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་བློ་བརྟན་འགྱུར་མེད་ངང་ཞི་བའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་། ཀྲུང་གོས་རྒྱལ་སྤྱིའི་ཐོག་དགེ་མཚན་ལྡན་པའི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོའི་མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད་པ་དང་། ཕན་ཅི་ཝུན་གྱིས། ཞི་ཅིན་ཕིན་ནས་ཨུ་རུ་སུ་དང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ལེགས་གྲུབ་ཡོང་རྒྱུའི་སྨོན་འདུན་ཞུས་ཡོད་པ་དང་། གོང་འཕེལ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ཐེངས་ལྔ་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་དང་། ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་བྱ་དོན་ཁྲོད་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་ཡོད་པ་དང་།
ཕན་ཅི་ཝུན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིན་གྱི་དབུ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་བསམ་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད་པ་རེད།
ཞི་ཅིན་ཕིན་གྱིས། ཕན་ཅི་ཝུན་གྱིས་བཀྲ་ཤིས་བདེ་ལེགས་ཞུས་པར་ཐུགས་རྗེ་ཞུས་ཡོད་པ་དང་། ཞི་ཅིན་ཕིན་གྱིས། ཀྲུང་གོའི་གོང་འཕེལ་ནི་འཛམ་གླིང་དང་ཁ་བྲལ་ཐབས་མེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཞི་བའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་གཉིས་ཕན་གཉིས་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་དང་མཉམ་ལས་རོགས་པ་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་མང་རིང་ལུགས་དར་སྤེལ་དང་ལག་ལེན་ཧུར་ཐག་བྱེད་ཀྱི་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་། དམིགས་འབེན། རྩ་དོན་བཅས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པར་སྲུང་སྐྱོབ་བྱེད་ཀྱི་ཡོད། ཀྲུང་གོ་གོང་འཕེལ་ཟམ་མི་ཆད་པ་ཕྱིན་པ་དང་བསྟུན། ང་ཚོས་རང་ཉིད་ནས་འཁུར་དགོས་པའི་རྒྱལ་སྤྱིའི་འོས་འགན་ལག་བསྟར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་ཐོག་རྒྱལ་སྤྱིའི་འདྲ་མཉམ་གཞུང་དྲང་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འབད་བརྩོན་ཆེན་པོས་འགྲོ་བ་མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་བྱ་བཞག་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད་པ་དང་།
ཞི་ཅིན་ཕིན་གྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལའང་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཨ་ཧྥེ་རི་ཁ་གླིང་དང་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་དེ་བས་ཆེ་བ་བྱེད་འདོད་ཡོད་ཅེས་བསྟན་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10