མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-25
མཇལ་འཕྲད་གནང་སྐབས་ལིས་ཁི་ཆཱང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་སྔར་སོང་རྗེས་མཐུད་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལྟར། ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ངེས་པར་དུ་བསམ་ཕྱོགས་གསར་སྐྲུན་བྱེད་དགོས་ལ། འཐབ་ཇུས་དང་རྒྱང་རིང་ལ་དམིགས་ཏེ་ཕན་ཚུན་བར་ལྟ་ཚུལ་ཡང་དག་འཛིན་དགོས། ཀྲུང་གོ་སྲིད་གཞུང་གིས་སྔོན་ཆད་དང་འདྲ་བར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་མཉམ་ལས་དང་བཟོད་སྒོམ། འགྲན་རྩོད་བཅས་ཀྱི་ཁྲོད་དུ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།
ཡ་ཀི་པུའུ•ལུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཨ་མེ་རི་ཁ་དང་ཀྲུང་གོའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་སོགས་ཀྱི་ནང་རྐྱེན་བརྒྱུད་དེ། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འཁེལ་ཁྲོད་དུ་ཕྱོགས་མང་བོའི་སྤྱི་ཁོག་བརྒྱུད་ནས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་མ་ཟད། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་གནད་དོན་ལ་ཤུགས་སྣོན་འདོད་ཡོད་ཟེར།
ལིས་ཁི་ཆཱང་དང་ཡ་ཀི་པུའུ•ལུའུ་རྣམ་གཉིས་ཀྱིས་ད་དུང་འཛམ་གླིང་གི་དཔལ་འབྱོར་དང་བཅོས་སྐྱོང་སོགས་ཀྱི་ཐད་ནས་དགོངས་འཆར་བརྗེ་རེས་མཛད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10