མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2013-03-25
སྤྱི་ཟླ3པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས22ཉིན་མའོ་སི་ཁོའི་ཁི་ལིན་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད་པར་མ་ཟད། ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བར་ཤུགས་སྣོན་པའི་ཐད་ལ་ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་བྱུང་།
ཕུའུ་ཅིན་གྱིས་ཞི་ཅིན་ཕེན་ཨུ་རུ་སིར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཕུའུ་ཅིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐོག་མར་འཚམས་འདྲི་བྱེད་ས་ཨུ་རུ་སི་བདམས་པ་ལས་ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། འབྲེལ་བ་དེའི་དམིགས་བསལ་རང་བཞིན་དང་འཐབ་ཇུས་རང་བཞིན་མཚོན་ཡོད། འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་འདྲི་ཞིག་ཡིན་པས། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ངེས་ལ། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ནུས་ཡོད་སྒོས་འཕེལ་རྒྱས་སུ་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་ཕན་ཚུན་ནི་འཐབ་ཇུས་མཉམ་ལས་གྲོགས་པོ་ཆེས་གཙོ་བོ་དང་ཆེས་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བྱ་བའི་ཁྱོན་ཡོངས་དང་ཕྱི་ཕྱོགས་འབྲེལ་བའི་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད། རྙོག་འཛིང་དང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཁོར་ཡུག་གི་མདུན་དུ། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ནས་ཕན་ཚུན་ལ་སྔར་ལས་རོགས་སྐྱོར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཕ་རོལ་རྒྱལ་ཁབ་ཀྱིས་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་པར་རོགས་སྐྱོར་བྱེད་པ་དང། བློ་བརྟན་འགྱུར་མེད་སྒོས་ཕ་རོལ་རྒྱལ་ཁབ་ཀྱིས་བདམས་པའི་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་བྱེད་དགོས། དངོས་གཉེར་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་འབྲེལ་བའི་ཁྱད་སྟོབས་དེ་དོན་དངོས་ཀྱི་གྲུབ་འབྲས་སུ་བསྒྱུར་ཏེ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འཐབ་ཇུས་བདེ་འཇགས་ལ་རྦད་ཆོད་སྒོས་སྲུང་སྐྱོབ་བྱེད་དགོས་ཟེར།
ཕུའུ་ཅིན་གྱིས་ཞི་ཅིན་ཕེན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་མཛད་པར་ཡོངས་སུ་འཐད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ལ། ད་ལྟའི་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་གལ་ཆེ་བའི་རྒྱུ་རྐྱེན་བཟང་བོ་ཞིག་ཡིན་པས། ཨུ་རུ་སི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བར་ཤུགས་སྣོན་འདོད་ཡོད་ཟེར།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10