རྔ་བ་ཁུལ་གྱི་ལས་གཞི8《སི་ཁྲོན་གྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཡུལ་ཚོ་ཕྱོགས་བསྡུས》སུ་ཚུད་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-03-21

རྔ་བ་ཁུལ་གྱི་ལས་གཞི8《སི་ཁྲོན་གྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཡུལ་ཚོ་ཕྱོགས་བསྡུས》སུ་ཚུད་པ།
འབར་ཁམས་རྫོང་གི་རྒྱ་རོང་སྐོར་བྲོ།


 

  མིག་སྔར《སི་ཁྲོན་གྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཡུལ་ཚོ་ཕྱོགས་བསྡུས》ཞེས་པ་སི་ཁྲོན་ཞིང་ཆེན་རིག་གནས་ཐིན་གྱིས་རྩོམ་སྒྲིག་པར་བསྐྲུན་བྱས་ཤིང་། རྔ་བ་ཁུལ་གྱི་ལས་གཞི་ཁག8དེབ་འདིའི2013ལོའི་སྟོད་ཆའི་ཁྲོད་དུ་བཀོད་འདུག་པ་སྟེ། འཛམ་ཐང་རྫོང་དང་འབར་ཁམས་རྫོང་། ཁྲོ་ཆུ་རྫོང་། མཛོད་དགེ་རྫོང་། ཁྲོ་ཚ་རྫོང་ལུང་ཆི་ཡུལ་ཚོ། ཁྲོ་ཆུ་རྫོང་མེན་ཁྲི་ཡུལ་ཚོ། ལིས་རྫོང་། མའོ་རྫོང་བཅས་ཀྱི་ཡུལ་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་སྣ་གཅིག་རེ་བདམས་ཡོད་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན《སི་ཁྲོན་གྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཡུལ་ཚོ་ཕྱོགས་བསྡུས》ལ་ཁྱོན་བསྡོམས་ཆེད་རྩོམ་དང་དོན་ཆེན། སྲིད་ཇུས་སྒྲིག་ཁྲིམས། ལས་རིགས་ཀྱི་འཛུགས་སྐྲུན་དང་དོ་དམ། རྒྱལ་སྤྱིའི་བགྲོ་གླེང་དང་མཉམ་འབྲེལ། སྒྱུ་རྩལ་གྱི་ཕ་སའི་མཚམས་སྦྱོར། ལས་རིགས། བྱ་དགའ། ཞར་བཀོད་བཅས་ལེ་ཚན་བརྒྱད་དུ་བཀར་ཞིང་། སི་ཁྲོན་ཞིང་ཆེན་གྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི་གཟི་ཉམས་དང་གྲུབ་འབྲས་མཐའ་དག་མངོན་ཅི་ཐུབ་བྱེད་པའི་ཁར། དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་བྱ་བའི་ཉམས་མྱོང་ཕྱོགས་བསྡུས་བགྲོ་གླེང་བྱེད་པ་དང་སི་ཁྲོན་ཞིང་ཆེན་གྱི་དམངས་ཁྲོད་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་མཚོན་བྱེད་པར་བརྒྱུད་ནས། སི་ཁྲོན་གྱི་དམངས་ཁྲོད་སྒྱུ་རྩལ་ཡུལ་དེ་ནས་བརྒལ་བ་དང་འཛམ་གླིང་ལ་ཕྱོགས་པར་མཐུན་རྐྱེན་བསྐྲུན་པ་རེད།

  • ལེ་ཚན་སྔོན་མ།:2013ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གཉིས་པ་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་གྱིས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ཐང་བོད་མཉམ་འབྲེལ་རྡོ་རིང་ཞིག་གསོ་བྱེད་བཞི
  • དོ་སྣང་ཆེ་བའི་རྩོམ།