2013ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གཉིས་པ་འགྲེམ་སྤེལ་བྱས་པ།

ལྡོང་བུ།    མཚོ་སྔོན་པོ་དྲ་བ།    2013-03-21

2013ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གཉིས་པ་འགྲེམ་སྤེལ་བྱས་པ།
2013ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གཉིས་པ་འགྲེམ་སྤེལ་བྱས་པ།

  2013ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གཉིས་པ་རུ་མང་རའི་སྟོབས་ལྡན་གྱིས་བསྒྱུར་པའི་ཡེ་མེའི་བརྩམས་སྒྲུང《རྒྱ་སེ་གཞིས་ཀའི་ཞག་མ་བདུན》ཞེས་པ་དང་།  ཕ་ཐི་ཀུའུ་ལི་ཡིས་བརྩམས་ཤིང་པད་མ་རིག་འཛིན་གྱིས་བསྒྱུར་པའི《ལད་མོ་བའི་སྐྱིད་སྡུག》ཅེས་པ།  སེང་རྡོར་གྱི《ཉག་ག་ཕ་གིར》ལ་སོགས་པའི་སྙན་ངག་ཚན་པ་ལྔ་དང་། རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི《ཚངས་དབྱངས་རྒྱ་མཚོ》ལ་སོགས་པའི་སྙན་ངག་ཚན་པ་དྲུག   དེ་མིན་ཐུར་ཁེའི་རྩོམ་པ་པོ་ཕ་མུ་ཁི་ཡིས་བརྩམས་པའི་ལྷུག་རྩོམ《གསེར་གྱི་རབ་ཁའི་གྲུ་གཟིངས》ཞེས་པ་དང་ཁོ་དང་འབྲེལ་བའི་ཁ་བརྡ《ཤར་ནུབ་རིག་གནས་དང་རྩོམ་རིག་གི་ཀུན་རྟོག》ཅེས་པ་གཉིས་བྱམས་ཕྲུག་གིས་བོད་ཡིག་ཏུ་བསྒྱུར་པ་ལ་སོགས་བཀོད་ཡོད་ཅིང་དེབ་ཀྱི་རྒྱབ་ཤ་དང་པར་ངོས་གང་ལའང་དང་དོད་ཅུང་བགྱིས་ཡོད་པས་ཀློག་མཁན་དག་གིས་དགོངས་འཆར་དང་ལྗགས་རྩོམ་ལྷུག་པོར་བསྩལ་ཡོང་བའི་རེ་བ་དང་བཅས་བོད་ཡིག་གི《མི་རིགས་ཀྱི་རྩོམ་རིག》གི་རྩོམ་སྒྲིག་པ་ནས་ཕུལ་བའོ།།

  • ལེ་ཚན་སྔོན་མ།:གནའ་བོའི་བོད་ཡིག་དེ་གློག་རྡུལ་དུས་རབས་སུ་བསྐྱོད།
  • ལེ་ཚན་རྗེས་མ།:རྔ་བ་ཁུལ་གྱི་ལས་གཞི8《སི་ཁྲོན་གྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཡུལ་ཚོ་ཕྱོགས་བསྡུས》སུ་ཚུད་པ།
  • དོ་སྣང་ཆེ་བའི་རྩོམ།