མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-20
སྤྱི་ཟླ3པའི་ཚེས16ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་ཀྲུང་དབྱང་གི་སྨྱན་བྱད་གཙོ་བོའི་འགན་འཁུར་པ་དང་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་གནང་། པར་འདི་ནི་ཀྲང་ཏི་ཅང་དང་ཀྲུང་དབྱང་སྨྱན་བྱད་གཙོ་བོའི་འགན་འཁུར་པས་མཉམ་དུ་བསྐྱོན་པའི་པར་རེད།
སྤྱི་ཟླ3པའི་ཚེས16ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་ཀྲུང་དབྱང་གི་སྨྱན་བྱད་གཙོ་བོའི་འགན་འཁུར་པ་དང་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་གནང་། པར་འདི་ནི་ཀྲང་ཏི་ཅང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་ལིས་ཚོན་ཅོན་ལ་ཕྱག་འཇུ་གནང་བའི་་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ3པའི་ཚེས16ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་ཀྲུང་དབྱང་གི་སྨྱན་བྱད་གཙོ་བོའི་འགན་འཁུར་པ་དང་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་གནང་བ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་དམངས་ཆེན་གྲོས་ཚོགས་ཀྱི་གསར་འགྱུར་སྒྲོག་པའི་ལས་བྱེད་མི་སྣ་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་མཇུག་རྫོགས་རྗེས། ཀྲང་ཏི་ཅང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཅན་གོ་དང་ཝང་ཁྲིན། ཧྲིན་ཡའོ་ཡའོ་བཅས་དང་མཉམ་དུ་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་། འོད་ཟེར་ཉིན་རེའི་ཚགས་པར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་རྒྱང་སྒྲོག་ཁང་། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་། ཁྲིམས་ལུགས་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་གསར་འགྱུར་ཁང་སོགས་གསར་འགྱུར་སྨྱན་བྱད་ཀྱི་འགན་འཁུར་པ་དང་བྱ་བ་སྒྲུབ་མཁན་གྱི་ཁྲོད་དུ་སོང་ནས་ཚང་མར་བརྩེ་བའི་འཚམས་འདྲི་གནང་བར་མ་ཟད་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག
ཀྲང་ཏི་ཅང་གིས་གསུངས་རྒྱུར། གསར་འགྱུར་སྨྱན་བྱད་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དྲིལ་སྒྲོག་བྱེད་པ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དྲིལ་སྒྲོག་བྱེད་པ། རླབས་ཆེན་གྱི་ཀྲུང་གོའི་ཕུགས་བསམ་དྲིལ་སྒྲོག་བྱེད་པ། རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་དྲིལ་སྒྲོག་བྱེད་པ་བཅས་ལ་རྒྱལ་ཁབ་ཕྱི་ནང་གི་གླེང་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཆེན་པོ་བཏོན་པར་མ་ཟད། ཚོགས་ཆེན་བདེ་བླག་ངང་ཚོགས་པར་སྟོབས་དང་ལྡན་པའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཟེར།
ཀྲང་ཏི་ཅང་གིས་རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཡར་འབད་བསྐྱར་འབད་དང་གསར་གཏོད་གསར་སྐྲུན་བྱེད་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དྲིལ་སྒྲོག་བཟང་བོ་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དེ་ཀུན་ལ་གསལ་བོར་ཤེས་སུ་འཇུག་དགོས་པའི་ཐུགས་རེ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10