ཀྲུང་གོ་བོད་ཀྱི་དྲ་བ། 2013-03-18
ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱིས་བསྟན་དོན། ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་བྱ་བ་ནི་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཡིན་ལ། དཔྱད་འཇོག་སྙན་ཞུ་དེ《མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་ཀྱི་སྤྱིའི་འཆར་འགོད》ཀྱི་བླང་བྱ་དང་འཚམ་ལ། རྩོམ་སྒྲིག་གི་ཁུངས་ལུང་གང་ལེགས་ཡོད་ལ། ཚད་ལྡན་ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་ཤིང་། དཔྱད་འཇོག་གྲུབ་འབྲས་ཡང་དག་ཡིན་པས་རྗེས་ཕྱོགས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་སྐབས་གཉིས་པ་དང་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་བྱ་བ་ལག་བསྟར་བྱེད་པར་ཚན་རིག་གི་རྒྱབ་རྟེན་མཁོ་འདོན་བྱས་ཡོད་པར་བརྟེན་ཚང་མས་དཔྱད་འཇོག་ཞིབ་བཤེར་ལ་ཡིད་མཐུན་བྱུང་། དུས་མཚུངས་སུ་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་སྐབས་གཉིས་པ་ལག་བསྟར་བྱེད་པའི་ཁྲོད་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་གི་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་འཆར་འགོད་ཀྱི་རྩོམ་སྒྲིག་བྱ་བ་བྲེལ་མྱུར་སྒོས་འགོ་རྩོམ་དགོས་པའི་གྲོས་གཞི་བཏོན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10