མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-18
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ལ་རྟེན་འབྲེལ་ཞུ་མཁན་ནི། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐེ་གོའི་རྒྱལ་བོ་ཕུའུ་མུས་ཕིན། མོང་གོལ་གྱི་ཙུང་ཐུང་ཨི་ལེ་པེ་ཀི་ཏོ་ཨར་ཅིས། མར་ཏེ་ཝུན་གྱི་ཙུང་ཐུང་བ་ཞི་ཏི། ཨར་ཅི་རི་ཡའི་ཙུང་ཐུང་པུའུ་ཐི་ཧྥའོ་ལིས་ཁ། པ་རན་གྱི་རྒྱལ་བོ་ཧ་མ་ཏི། ཁ་མེ་རོང་གི་ཙུང་ཐུང་། མི་དམངས་དམངས་གཙོ་མནའ་འབྲེལ་གྱི་ཀྲུའུ་ཞི་པུས་ཡ་སོགས་རེད།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ལ་རྟེན་འབྲེལ་ཞུ་མཁན་ནི། ཁ་མེ་རོང་གི་ཙུང་ཐུང་པུས་ཡ་དང་ཀུའེ་ཡ་ནའི་ཙུང་ཐུང་ལ་མོ་ཐ་གཉིས་ཀ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆཱང་ལ་རྟེན་འབྲེལ་ཞུ་མཁན་ནི། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་དང་སུའུ་ཏན་གྱི་ཙུང་ཐུང་པ་ཞི་ཨར། མར་ཏེ་ཝུན་གྱི་ཙུང་ཐུང་བ་ཞི་ཏི། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཨ་ཧྲི་ལ་ཧྥུའུ་སོགས་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ལ་རྟེན་འབྲེལ་ཞུ་མཁན་ནི། ཁུ་པ་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལ་སོ་དང་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་པུའུ་ཧ་ལིས། ཁམ་ཕུ་ཀྲེ་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཞེ་ཞིན། མོང་གོལ་རྒྱལ་ཁབ་ཆེས་མཐོ་གྲོས་ཁང་གི་ཀྲུའུ་ཞི་ཨུན་ཧི་པོ་ལེ་ཏི། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཀྲང་མ་ཁི་ཡེ་སོགས་རེད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ལ་རྟེན་འབྲེལ་ཞུ་མཁན་ནི། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲར་ཏ་ལེ་དང་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོའི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་འཁུར་མཁན་ཡ་ཞིན་ཁ་ནེ་ཨར། ཐན་སང་ཉི་ཡའི་ཙུང་ཐུང་གཞོན་པ་པུས་ལ་ལེ། པ་རན་གྱི་རྒྱལ་རྒྱུད་ས་ལེ་མན། སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཞོར་དུ་རྒྱལ་ཁབ་བདེ་འཇགས་གཅིག་གྱུར་བཀོད་འདོམས་པུའུ་ཀྲང་དང་ནང་སྲིད་པུའུ་ཀྲང་གི་འགན་འཁུར་མཁན་ཀྲང་ཀྲི་ཞན་སོགས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10