རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་པ་བདམས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-03-18

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་ཚེས16ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས། གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མིང་བཏོན་པ་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་པ་བདམས་པ་སྟེ། ཀྲང་ཀའོ་ལིས་དང་ལིག་ཡན་ཏུང་། ཝང་དབྱང་། མཱ་ཁའེ་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པར་བདམས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་པ་བད

 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་པ་བད

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལན་ཡན་ཏུང་།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་པ་བད

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་པ་བད

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁའེ།

    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་ཚེས16ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས། གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མིང་བཏོན་པ་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་པ་བདམས་པ་སྟེ། ཀྲང་ཀའོ་ལིས་དང་ལིག་ཡན་ཏུང་། ཝང་དབྱང་། མཱ་ཁའེ་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པར་བདམས་པ་དང་། དབྱང་ཅིན་དང་ཁྲང་ཝན་ཆོན། དབྱང་ཅེ་ཁྲི། གོ་ཧྲིན་ཁུན། ཝང་ཡུང་བཅས་རྒྱལ་སྲིད་ཨུ་ཡོན་ལ་བདམས།

    གྲོས་ཚོགས་ལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཧྲིན་ཅུན་གྱིས་མགོ་འཛིན་བྱས།

    ཉིན་དེའི་ཚོགས་འདུར་ཞུགས་དགོས་པའི་འཐུས་མི2986ཡོད་པ་དང་། འཐུས་མི2959ཚོགས་འདུར་ཞུགས་ལ། མི27ཚོགས་ཐོག་ཏུ་མ་འབྱོར། ཚོགས་འདུར་ཞུགས་པའི་མི་གྲངས་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

    གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཡིས་མིང་བཏོན་པ་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་སྲིད་ཨུ་ཡོན། པུའུ་སོ་སོའི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན། ཀྲུང་གོ་མི་དམངས་དངུལ་ཁང་གི་མགོ་གཙོ། རྩིས་བཤེར་དཔོན་པོ། དྲུང་ཡིག་ཆེན་མོ་བཅས་ཀྱི་གདམ་མི་གཏན་ཁེལ་བྱས་ལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་མི་རིགས་ཨུ་ཡོན་ལྷན་ཁང་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོའི་འཆར་ཟིན་ལ་བརྡས་ཐག་བཅད།

    གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གི་གདམ་མིའི་མིང་འདོན་འཕྲིན་ཡིག་སྒྲོག་འདོན་བྱས།

    འདེམ་ཤོག་སྟེར་བ་དང་འདེམ་ཤོག་འབྲི་བ། འདེམ་ཤོག་འཕེན་པ། འདེམ་ཤོག་བརྩི་བ་སོགས་ཀྱི་གོ་རིམ་བརྒྱུད་རྗེས། ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་བརྒྱད་ཀྱི་སྟེང་། ཝང་ཧྲིན་ཅུན་གྱིས་ཀྲང་ཀའོ་ལིས་དང་ལིག་ཡན་ཏུང་། ཝང་དབྱང་། མཱ་ཁའེ་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པར་བདམས་པ་དང་། དབྱང་ཅིན་དང་ཁྲང་ཝན་ཆོན། དབྱང་ཅེ་ཁྲི། གོ་ཧྲིན་ཁུན། ཝང་ཡུང་བཅས་རྒྱལ་སྲིད་ཨུ་ཡོན་ལ་བདམས་པ་ཁྱབ་བསྒྲགས་བྱས། ཝང་ཧྲིན་ཅུན་གྱིས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་སོ་སོའི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན། ཀྲུང་གོ་མི་དམངས་དངུལ་ཁང་གི་མགོ་གཙོ། རྩིས་བཤེར་དཔོན་པོ་བཅས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས།

    རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པས་ཆེད་དོན་ཨུ་ཡོན་ལྷན་ཁང་དགུ་བཙུགས་ཡོད་པ་དང་། དེའི་ནང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་ལ་ཟླ་གསུམ་པའི་ཚེས་ལྔ་ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། ཨུ་ཡོན་ལྷན་ཁང་གཞན་པ་བརྒྱད་ཀྱི་ཁོངས་མིའི་གདམ་མི་ལ། ཀྲུའུ་ཞི་ཚོགས་པས་མིང་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་བསྡུར་
བྱས། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་བསྡུར་གྱི་བསམ་འཆར་གཞིར་བཟུང་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་བརྒྱད་པོའི་ཁོངས་མིའི་མིང་ཐོའི་འཆར་ཟིན་དེ་ཐེངས་འདིའི་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུའི་ཐག་བཅད།

    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པ་དང་དེའི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་གདམ་མིའི་བརྡས་ཐག་གཅོད་ཐབས་གཞིར་བཟུང་ནས། ཚོགས་ཆེན་སྟེང་མིང་མ་བཀོད་པར་བརྡས་ཐག་གཅོད་ཆས་མནན་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་བརྒྱད་ཀྱི་ཁོངས་མིའི་མིང་ཐོར་བརྡས་ཐག་བཅད།

    མིང་ཐོ་དག་ལ་གྲོས་འཆམ་འབྱུང་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུའུ་ཞིའི་བཀའ་ཁྱབ་གཉིས་པའི་སྟེང་མིང་བཀོད་དེ། ཚོགས་ཆེན་གྱི་ཐག་གཅོད་གཞིར་བཟུང་ནས། ཐེངས་འདིའི་ཚོགས་ཆེན་སྟེང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་བསྐོ་འཇོག་གནང་།

    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལུའུ་ཀྲན་གུང་དང་ཁྲིན་ཆོན་གོ། ཀྲའོ་ཁི་ཧྲི། ཧི་དབྱི་ཁྲིན། ཧོང་ལུང་ཡུན། ཕིན་ཆིན་ཧྭ། ཆང་ཝེ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བསྡད་ཡོད། །

  • ལེ་ཚན་སྔོན་མ།:བློ་མཐུན་ལིས་ཁི་ཆང་གི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཁ་ཤས་ཀྱི་མགོ་ཁྲིད་པས་གསར་དུ་བདམས་ཐོན་བྱུང་བའི་རང་རྒྱལ་གྱི་མགོ་ཁྲིད་པར་རྟེན་འབྲེལ་ཞུས་པ།
  • དོ་སྣང་ཆེ་བའི་རྩོམ།