ཀྲུང་གོའི་བོད་ལྗོངས་དྲ་བ། 2013-03-19
སྤྱི་ཟླ3པའི་ཚེས16ཉིན། བོད་ལྗོངས་ལྷ་ས་སགྲོང་ཁྱེར་སྟག་རྩེ་རྫོང་བདེ་ཆེན་གྲོང་ཚོའི་འདྲུད་འཐེན་འཕྲུལ་འཁོར་གྱིས་རྨོད་འདེབས་འགོ་ཚུགས་པ།
སྤྱི་ཟླ3པའི་ཚེས16ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོས་འདི་ལོའི་དཔྱིད་རྨོད་འགོ་ཚུགས་པའི་མཛད་སྒོ་གཉེར་བ་དང་དུས་བཟང་ཡག་པོ་དམ་འཛིན་བྱས་ནས་དཔྱིད་རྨོད་དཔྱིད་འདེབས་སྤེལ་བ་རེད། ཞིང་ལས་ཐོན་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་དབང་གིས་སྲོལ་རྒྱུན་གྱི་རྨོན་ཕྱུགས་རིམ་གྱིས་འགྱུར་བ་འགྲོ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གནམ་རིག་སྐར་རྩིས་གཞིར་བཟུང་། ཚེས16ཉིན་ནས་བོད་ལྗོངས་ཀྱི་ས་ཆ་ཁག་ཏུ་དཔྱིད་རྨོད་འགོ་ཚུགས་པ་དང་ཞིང་ལས་སྐྱེ་དངོས་ནས་དང་གྲོ་སོགས་འདེབས་འགོ་ཚུགས་པ་རེད། །
སྤྱི་ཟླ3པའི་ཚེས16ཉིན། བདེ་ཆེན་གྲོང་ཚོའི་བུད་མེད་ཚོས་དཔྱིད་རྨོད་ལ་ཞུགས་མཁན་སྐྱེས་པ་ཚོར་ཁ་བཏགས་གཡོག་པ་དང་ནས་ཆང་བླུགས་བཞིན་པ།
སྤྱི་ཟླ3པའི་ཚེས16ཉིན། བདེ་ཆེན་གྲོང་ཚོའི་གྲོང་མི་ཚོས་གནམ་དུ་རྩམ་པ་གཏོར་ནས་ལོ་ལེགས་ཡོང་བར་སྨོན་ལམ་འདེབས་པ།
སྤྱི་ཟླ3པའི་ཚེས16ཉིན། བདེ་ཆེན་གྲོང་ཚོའི་གྲོང་མི་ཚོས་མཛད་སྒོའི་ཐོག་ས་བོན་གཏོར་བ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10