མཚོ་སྔོན་པོའི་དྲ་བ། 2013-03-15
པེ་ཅིང་གི་བོད་རིགས་ན་གཞོན་འཇོན་མིའི་ལས་ཞུགས་དང་ལས་བསྐྲུན་འོས་སྦྱོར་འདུ་ཚོགས་ཐོག་མ་མི་འགྱངས་པར་བསྡུ་རྒྱུ་རེད།
པེ་ཅིང་གྲོང་ཁྱེར་གྱིས་ཆེད་དུ་རྒྱ་ཆེའི་བོད་རིགས་ན་གཞོན་འཇོན་མི་རྣམས་ལ་ཁ་ཕྱོགས་པའི་ལས་ཞུགས་དང་ལས་བསྐྲུན་འོས་སྦྱོར་འདུ་ཚོགས་སྐབས་དང་པོ་དེ་ཟླ4པའི་ཟླ་མཇུག་ལ་པེ་ཅིང་དུ་བསྡུ་རྒྱུ་ཡིན་ཞིང་། དུས་དེར་པེ་ཅིང་དང་བོད་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་པེ་ཅིང་ན་ཡོད་པའི་མི་སྣ་གྲགས་ཅན་དག་ཚོགས་ཐོག་ཏུ་ཞུགས་རྒྱུ་རེད།
པེ་ཅིང་གི་བོད་རིགས་ན་གཞོན་འཇོན་མིའི་ལས་ཞུགས་དང་ལས་བསྐྲུན་འོས་སྦྱོར་འདུ་ཚོགས་སྐབས་དང་པོ་འདི་ནི་བོད་ལྗོངས་མི་དམངས་སྲིད་གཞུང་དང་། བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་རྒྱབ་སྐྱོར་འོག་བོད་ལྗོངས་རོགས་སྐྱོར་གྱི་གོང་སྤེལ་ཐེབས་རྩ་ཚོགས་པས་གཙོ་སྒྲུབ་བྱེད་པ་ཡིན། ཐེངས་འདིའི་མཚམས་སྦྱོར་འདུ་ཚོགས་ཀྱིས་བོད་རིགས་ན་གཞོན་མང་པོ་ཞིག་ལ་ལས་ཞུགས་དང་ལས་བསྐྲུན་ཀྱི་གོ་སྐབས་ལེགས་པོ་ཞིག་འདོན་སྤྲོད་བྱེད་པར་མ་ཟད། རྗེས་སོར་པེ་ཅིང་གི་ཁེ་ལས་དག་ལ་བོད་རིགས་འཇོན་མི་སྔོག་འདོན་དང་། བོད་རིགས་འཇོན་མིའི་སྐྱེད་སྲིང་དང་ཡར་རྒྱས་ལ་སྟེགས་བུ་ལེགས་པོ་ཞིག་འདོན་སྤྲོད་བྱེད་ངེས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10