“རྨ་འབྲི་རྫ་གསུམ་འབྱུང་ཡུལ”ས་ཁུལ་གྱི་ནགས་ལས་ཐོན་ལས་ཀྱིས་རོང་འབྲོག་པར་ཡོང་སྒོ་སྒོར་དུང་ཕྱུར50ལྷག་བསྐྲུན་པ།

    མཚོ་སྔོན་གསར་འགྱུར་དྲ་བ།    2013-03-15

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་རང་བྱུང་ཐོན་ཁུངས་ལེགས་ཆར་བརྟེན་ནས་མཐོ་སྒང་གི་དེང་རབས་ནགས་ལས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་པས། རོང་འབྲོག་པར་སྐུལ་ཁྲིད་བྱས་ཏེ་ཡོང་སྒོ་སྒོར་དུང་ཕྱུར50.6ཇེ་མང་དུ་བཏང་།

མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་ལ། “རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ”དང“ཀྲུང་ཧྭ་ཆུ་མཛོད”ཞེས་པའི་མཚན་སྙན་ཡོད། གནས་འདིའི་ནགས་ཚལ་རྒྱ་ཆེ་བ་དང་མུའུ་ཁྲི6618.4ལ་སླེབས་ཡོད་ལ། ནགས་ལས་ཐོན་ལས་དེ་རིམ་བཞིན་གཞི་ཁྱོན་དང་ཚད་ལྡན་ཅན། ཚད་གཞི་ཅན་གྱི་ཐོན་སྐྱེད་རྣམ་པར་འགྱུར་ལྡོག་བྱུང་བཞིན་ཡོད་པས་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཐད་ནས་ཕན་འབྲས་བླངས་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱི་ཐིན་ཀྲང་ཏང་ཞའོ་ཡུང་གིས་མཚམས་སྦྱོར་བྱེད་རྒྱུར། མཚོ་སྔོན་གྱིས“བྱང་གསུམ”གྱི་བཟོ་འགོད་དང་རྨོ་བསྐྱུར་ནགས་སྐྱོང་སོགས་ཀྱི་གཙོ་གནད་བཟོ་འགོད་ལ་ཟུང་སྦྲེལ་བྱས་ཏེ། “ཤར་རྒྱུད་དུ་གླ་སིལ་དང་ནུབ་རྒྱུད་དུ་འདྲེ་ཚེར་མའི”ནགས་ལས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐབས་ཇུས་རིམ་བཞིན་དངོས་འབེབས་བྱས་ལ། ཞིང་ཆེན་ཡོངས་ཀྱི་གླ་སིལ་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི223དང་འདྲེ་ཚེར་མ་འདེབས་འཛུགས་བྱས་པའི་གཞི་ཁྱོན་མུའུ་ཁྲི30.6ལ་འཕེལ་རྒྱས་བྱུང་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། འདྲེ་ཚེར་མ་གཅིག་པུའི་ལོ་རེའི་ཐོན་འབབ་སྒོར་དུང་ཕྱུར6.3ལ་སླེབས་ཤིང་། དེས་ངལ་རྩོལ་པ་མི་ཁྲི3ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ། དུས་མཚུངས་སུ་འདེབས་འཛུགས་དང་འཚོལ་བསྡུ། གསོ་སྤེལ་སོགས་ཀྱི་ནགས་འགྲམ་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་སྟེ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་ལ་བཏང་ཡོད།

ཏང་ཞའོ་ཡུང་གིས་བཤད་རྒྱུར། ཉེ་བའི་ལོ་ལྔ་རིང་། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པས་གཙོ་གནད་སྤྱི་ཕན་ནགས་ཚལ་ལྟ་སྐྱོང་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་། ནགས་འཛུགས་ལྗང་བསྒྱུར། རྨོ་བསྐྱུར་ནགས་སྐྱོང་། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་ཀྱི་བཟོ་འགོད་འཛུགས་སྐྲུན་ལ་བརྟེན་ནས་རྩོལ་ལས་ཡོང་སྒོ་སྒོར་དུང་ཕྱུར16.7བསྐྲུན། རྨོ་བསྐྱུར་ནགས་སྐྱོང་བཟོ་འགོད་ལག་བསྟར་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པ་མི་ཁྲི135.5ལ་སྒོར་དུང་ཕྭར26.7གྱི་ཡོང་སྒོ་བསྐྲུན། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་སྡོང་ཕྲུག་ར་བ1579ལ་ཇེ་མང་དུ་སོང་ཞིང་ཐོན་འབབ་སྒོར་དུང་ཕྱུར7.2ལ་སླེབས་ཡོད།

འབྲེལ་ཡོད་འཆར་གཞི་ལྟར་ན། ད་ལོར་མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དང་ཚྭ་འདམ་གཞོང་ས། ཙོང་ཆུ་འབབ་རྒྱུད་སོགས་དུ་ནགས་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི36གསར་འཛུགས་བྱས་ཏེ། རིམ་བཞིན་ཐོག་མའི་གཞི་ཁྱོན་ཅན་གྱི་ནགས་ལས་ཐོན་ལས་མ་ལག་བཙུགས་ནས་ས་གནས་དཔལ་འབྱོར་འཕེལ་རྒྱས་དང་རོང་འབྲོག་པ་ཕྱུག་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རེད། །

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེང
  • ལེ་ཚན་རྗེས་མ།:པེ་ཅིང་གི་བོད་རིགས་ན་གཞོན་འཇོན་མིའི་ལས་ཞུགས་དང་ལས་བསྐྲུན་འོས་སྦྱོར་འདུ་ཚོགས་ཐོག་མ་བསྡུ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།