ཞི་ཅིན་ཕེན་གྱིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་བ།

ཞའོ་ཡན།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-10-10

ཞི་ཅིན་ཕེན་གྱིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་བ།

ཟླ་བཅུ་བའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་བ།
 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བདུན་ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལྟ། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བཟང་བོ་བྱུང་ཡོད། ཕྱོགས་གཉིས་ཁྱབ་ཁོངས་སོ་སོའི་ནང་གི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། དུས་བཅད་གྲོས་མོལ་ལམ་ལུགས་བཙུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དགོངས་དོན་གཞིར་བཟུང་སྟེ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དམ་དུ་གཏོང་བ་དང་། ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་པ། མཉམ་ལས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། ཐུན་མོང་གི་ཁེ་ཕན་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་མང་པོ་བསྐྲུན་ཏེ། ས་ཁུལ་ཞི་བདེ་དང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོ་དང་ཕྱོགས་སོ་སོའི་འགྲོ་འོང་དང་གྲོས་མོལ་རྒྱུན་འཁྱོངས་བྱས་ནས། འབྲེལ་འདྲིས་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཧན་གོ་གཉིས་བར་གྱི་རང་མོས་ཉོ་ཚོང་གྲོས་མོལ་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཧན་གོ་བར་གྱི་མི་གཞུང་བརྗེ་རེས་ཐུན་མོང་ཨུ་ཡོན་ལྷན་ཁང་ལས་ཁུངས་མྱུར་དུ་འཛུགས་པ་དང་། དམངས་ཁྲོད་བར་གྱི་མཛའ་མཐུན་ཇེ་དམ་དུ་གཏོང་དགོས་ཟེར།

ཕེའོ་ཅིན་ཧོས་ཀྱིས་བཤད་རྒྱུར། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་བར་གྱི་རང་མོས་ཉོ་ཚོང་གྲོས་མོལ་སྔ་མོ་ནས་ཡོངས་འགྲུབ་བྱེད་པ་དང་། མི་གཞུང་བརྗེ་རེས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་གཞོགས་འདེགས་དམ་པོ་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།