ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

བཀྲ་ཤིས་འབུམ།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-10-10

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བརྒྱད་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ནོར་སྲིད་དབུལ་སྐྱོར་སོགས་དམངས་འཚོ་འགན་སྲུང་མ་དངུལ་དོ་དམ་དང་སྤྱི་བའི་མ་དངུལ་རྩིས་བཤེར་ལྟ་རྟོག་ལ་ཤུགས་སྣོན་པའི་བྱ་བ་བཀོད་སྒྲིག་བྱས་པ་དང་། «གཞི་ཁྱོན་ཆེ་བའི་སྒོ་ཟོག་གསོ་སྤེལ་བཙོག་བཟོ་འགོག་བཅོས་སྲོལ་ཡིག་འཆར་ཟིན»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།ཚོགས་ཐོག་ནས་དབུལ་སྐྱོར་མ་དངུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་དགོས་ཏེ། གཅིག་ནས་རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁྲི་གསལ་བོ་བྱས་ནས་འགན་འཁུར་དང་དབང་ཆ་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། གཉིས་ནས་དབུལ་སྐྱོར་མ་དངུལ་བཀོལ་སྤྱོད་ཀྱི་དམིགས་ཡུལ་རང་བཞིན་གསལ་བོར་བྱེད་དགོས་ལ། གསུམ་ནས་མ་དངུལ་དོ་དམ་བཀོལ་སྤྱོད་ཀྱི་རྣམ་པ་གསར་སྐྲུན་བྱེད་རྒྱུ་བཅས་ཐག་བཅད།ཚོགས་ཐོག་ནས་བསྟན་དོན། དབུལ་སྐྱོར་སོགས་དམངས་འཚོ་འགན་སྲུང་མ་དངུལ་དོ་དམ་ཁྲོད་དུ་གནས་པའི་གནད་དོན་ལ་ཕྱིར་འདང་ཡང་ཡང་རྒྱག་དགོས་པ་དང་སྤྱི་བའི་མ་དངུལ་དང་རྒྱལ་དབང་མ་རྩ། རྒྱལ་དབང་ཐོན་ཁུངས་བཅས་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་པས། མ་དངུལ་དང་མ་རྩ། ཐོན་ཁུངས་དེ་དག་དང་ལྷག་པར་དུ་དམངས་འཚོ་དང་འབྲེལ་བ་ཡོད་པའི་མ་མཐའི་འཚོ་བ་འགན་སྲུང་དང་སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་མ་དངུལ། འགན་སྲུང་ཁང་བ་སོགས་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་དོ་དམ་ནན་མོ་བྱེད་དགོས་ལ། དེ་ནི་མི་དམངས་ཀྱིས་སྲིད་གཞུང་ལ་གནང་བའི་འགན་འཁྲི་ཆེན་པོ་ཡིན་པར་མ་ཟད་སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་གཞི་རྩའི་རེ་བ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སོ་སོས་རང་འགུལ་སྒོས་རང་ལ་ཞིབ་བཤེར་དང་རང་གིས་ཡོ་བསྲང་བྱེད་པ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་ལམ་ལུགས་གཏན་འཁེལ་དང་འཐུས་ཚང་དུ་བཏང་ནས་རུལ་སུངས་ཀྱི་རྣམ་པ་གཏན་འགོག་བྱེད་དགོས། རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་ཤུགས་ཚད་ཇེ་ཆེར་བཏང་ནས་རྩིས་བཤེར་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱེད་དགོས་ཟེར།ཚོགས་ཐོག་ནས་ད་དུང«གཞི་ཁྱོན་ཆེ་བའི་སྒོ་ཟོག་གསོ་སྤེལ་བཙོག་བཟོ་འགོག་བཅོས་སྲོལ་ཡིག་འཆར་ཟིན»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:༼རྨ་ལྷོ་ཁུལ་དམངས་ཁྲོད་རིག་གནས་དཔེ་ཚོགས༽ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།