༼རྨ་ལྷོ་ཁུལ་དམངས་ཁྲོད་རིག་གནས་དཔེ་ཚོགས༽ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-10-10

 ཉེ་ཆར། རྨ་ལྷོ་ཁུལ་གྱིས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པའི༼༽རྨ་ལྷོ་ཁུལ་དམངས་ཁྲོད་རིག་གནས་དཔེ་ཚོགས༽ཞེས་པའི་པོད་དྲུག་པ༼རྨ་ལྷོའི་དམངས་གླུ་གཅེས་བསྡུས༽དང༼རྙིང་མ་བའི་མཎྚལ་གྱི་ཆོ་ག་ཕྱག་ལེན༽ཞེས་པ་གཉིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས། 
  རྒྱུས་ལོན་པ་ལྟར་ན༼རྨ་ལྷོའི་དམངས་གླུ་གཅེས་བསྡུས༽དང༼རྙིང་མ་བའི་མཎྚལ་གྱི་ཆོ་ག་ཕྱག་ལེན༽ཞེས་པའི་དེབ་གཉིས་ནི་རྨ་ལྷོ་ཁུལ་གྱི་ལོ་ངོ་མང་པོའི་རིང་ལ་དམངས་ཁྲོད་རིག་གནས་ཞིབ་འཇུག་ཐད་བླངས་པའི་སྨིན་འབྲས་གལ་ཆེན་ཞིག་ཡིན་ཞིང་། དེས་རྨ་ལྷོ་ཁུལ་གྱི་ཁྱད་དུ་འཕགས་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དྲིལ་སྒྲོག་དང་འགྲེམ་སྟོན། རྨ་ལྷོ་ཁུལ་གྱི་རིག་གནས་ཀྱི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་དགེ་མཚན་ཆེན་པོ་ལྡན་པ་རེད། 
 

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།
  • ལེ་ཚན་རྗེས་མ།:ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བདུན་པ་ཆབ་མདོ་རུ་སྤེལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།