ཞའོ་ཡན། ཞིན་ཧྭ་གསར་འགྱུར་དྲ་བ། 2013-10-10
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པར་ཞུགས་རྗེས། ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་པ་ལིས་གླིང་ཕྲན་ནས་ཕྱིར་རྒྱལ་ནང་དུ་ལོགཐེངས་འདིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་སྟེང་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོ་ཕྱོགས་ཀྱིས་ད་ལྟ་འཛམ་གླིང་གི་དཔལ་འབྱོར་གནས་བབ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཕྱོགས་མང་པོའི་ཉོ་ཚོང་སྒྲིག་གཞིར་ཤུགས་སྣོན་པའི་ཐད་ཀྱི་ནུས་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་བར་འབྲེལ་འདྲིས་དང་བརྗེ་རེས་བྱེད་པ། རྒྱུན་མཐུད་དང་དྲང་གཞག་སྒོས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་གནད་དོན་ཐད་ཀྱི་ལྟ་བ་རྒྱས་བཤད་མཛད་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་བསྡུ་རྒྱུའི་བསམ་ཚུལ་མཚམས་སྦྱོར་མཛད།ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྟེང་། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་སྟེ། ད་ལྟ་ཀྲུང་གོའི་དཔལ་འབྱོར་གནས་བབ་དང་གོ་རིམ་རྗེས་མའི་བཅོས་བསྒྱུར་བྱེད་ཐབས་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱི་ལྟ་ཚུལ་རྒྱས་བཤད་མཛད།ཞི་ཅིན་ཕེན་ད་རུང་མགོ་ཁྲིད་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་གྲོས་མོལ་ལ་ཞུགས་པ་དང་། ཨུ་རུ་སི་སོགས་ཀྱི་མགོ་ཁྲིད་པ་དང་འཐུས་མིར་མཇལ་འཕྲད་གནང་།པ་ལིས་གླིང་ཕྲན་གྲོས་ཚོགས་ཀྱི་སྔོན་ལ། ཞི་ཅིན་ཕེན་གྱིས་སོ་སོར་ཧིན་རྡུ་ཉི་ཞི་ཡ་དང་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་མཛད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10