2013-03-11
ཐག་འཐེན་འགྲན་བསྡུར་སྟེང་ཞུགས་པའི་ལས་རིགས་སོ་སོའི་བུད་མེད་ཚོ།
སྤྱི་ཟླ3པའི་ཚེས7ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་སྤྱི་ཁྱབ་བཟོ་ཚོགས། ཁུལ་ལུས་རྩལ་ཅུའུ་བཅས་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་ལུས་རྩལ་ཁང་དུ་ལོ103འཁོར་བའི“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་རིག་རྩལ་བྱ་འགུལ་སྤེལ།
ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་སྟེང་བཏོན་པའི“དམངས་ཡོངས་ཀྱི་ལུས་ཕུང་བདེ་ཐང་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་ཏེ། མང་ཚོགས་ཀྱི་ལུས་རྩལ་སྦྱོང་བརྡར་ཕྱོགས་ཡོངས་ནས་དར་སྤེལ་བྱེད་དགོས་པའི”དགོངས་དོན་ལྟར། བདེ་ཆེན་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་སྤྱི་ཁྱབ་བཟོ་ཚོགས། ཁུལ་ལུས་རྩལ་ཅུའུ་བཅས་ཀྱིས་ཐག་འཐེན་འགྲན་བསྡུར་དང་། རྒྱུན་མཐུད་བང་རྩལ་འགྲན་བསྡུར། ཤེས་བྱའི་དྲི་བ་དྲི་ལེན་སོགས་རིག་རྩལ་བྱ་འགུལ་བཀོད་སྒྲིག་བྱས། ཁུལ་རིམ་པའི་ལས་ཁུངས་ཀྱི་ལས་གནས་སོ་སོ་ནས་ཐོན་པའི་བུད་མེད་འཐུས་མི་རུ་ཁག65ཐེངས་འདིའི་བྱ་འགུལ་སྟེང་ཞུགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10