ཞིན་ཧྭ་གསར་འགྱུར་ཁང 2013-03-11
ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་མགོ་འཛིན་པ་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས། ཨུ་ཡོན་བཅུ་དྲུག་གིས་ཆབ་སྲིད་དང་སྤྱི་ཚོགས། རིག་གནས་འཛུགས་སྐྲུན་བཅས་ལ་སྦྲེལ་ཏེ་ཚོགས་ཆེན་སྟེང་གཏམ་བཤད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚེས་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་མགོ་འཛིན་པ་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས། ཨུ་ཡོན་བཅུ་དྲུག་གིས་ཆབ་སྲིད་དང་སྤྱི་ཚོགས། རིག་གནས་འཛུགས་སྐྲུན་བཅས་ལ་སྦྲེལ་ཏེ་ཚོགས་ཆེན་སྟེང་གཏམ་བཤད། དེ་རིང་གི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་ལའོ་ཧྥུའུ་ཧི་གཉིས་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཏུའུ་ཆིན་ལིན་དང་ལིན་ཅི་ཧྭ། ཧན་ཆི་ཏི། ཝན་ཀང་། ལིན་ཝུན་དབྱི་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་ལིག་ཡན་ཏུང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པོ་སོགས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པར་ཉན། ཨུ་ཡོན་ཐང་ཡུས་ཅོན་གྱིས་མི་དམངས་སྲིད་གྲོས་དེ་དམངས་གཙོ་གྲོས་མོལ་གྱི་བགྲོད་ལམ་གལ་ཆེན་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་མ་ཟད། གྲོས་མོལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་སྒྲིག་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལག་བསྟར་དངོས་འབེབ་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ། ཧུར་ཐག་གིས་འཚོལ་ཞིབ་ལག་ལེན་བྱེད་པ་བཅས་བྱེ་བྲག་གི་གྲོས་གཞི་བཞི་བཏོན། ཨུ་ཡོན་ཀྲུའུ་ཡུང་ཞིན་གྱིས་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ་དང་རྫོང་ཁུལ་གྱི་འོས་འགན་སློབ་གསོ་མྱུར་དུ་འདྲ་མཉམ་འཕེལ་རྒྱས་སུ་གཏོང་དགོས་པའི་གནད་དོན་སྐོར་གྱི་གྲོས་གཞི་བཏོན། དེར་མཐུད་ནས་ཨུ་ཡོན་ཧྥུའུ་ཀྲི་ཧྥང་དང་ཧི་ཅོན་ཁི། ལེ་མེན། མཱ་ཏ་ལུང་སོགས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་སློབ་གསོར་ཤུགས་སྣོན་པ་དང་སྲིད་འཛིན་ཞིབ་མཆན་ལམ་ལུགས་བཅོས་བསྒྱུར་བྱེད་པ། དབང་བོ་སྐྱོན་ཅན་གྱི་དཔལ་འབྱོར་ཡོང་སྒོ་ཇེ་མང་དུ་གཏོང་བ་སོགས་ཕྱོགས་མང་པོར་སྦྲེལ་ནས་རེ་རེ་བཞིན་གཏམ་བཤད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10