ནོར་བུ 2013-03-11
བོད་ལྗོངས་འཐུས་མི་བློ་བཟང་བསྟན་པས་ཞིས་ཅིན་ཕིང་ལ་མཇལ་དར་སྒྲོན་བཞིན་པ།
སྤྱི་ཟླ3པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།
ཚོགས་འདུའི་གོང་བློ་བཟང་བསྟན་པས་ཞིས་ཅིན་ཕིང་ལ་དཀར་གཙང་གི་མཇལ་དར་སྒྲོན་གནང་བ་མ་ཟད་དམིགས་བསལ་གྱི་འཕྲིན་ཡིག་ཞིག་སྟོན་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་ཆེན108ཀྱིས་བོད་ཡིག་ཐོག་ནས་བྲིས་པའི་རིང་ཚད་རྨིད་གསུམ་ཙམ་ཡོད་པའི་ཐུགས་རྗེ་ལེགས་འབུལ་གྱི་ཡི་གེ་ཕུལ་བ་དང་ཁོང་གིས་“བོད་ལྗོངས་ཀྱི་བླ་མ་སྐྱེས་ཆེན་དམ་པ་ཚོས་ཏང་གི་ཆོས་ལུགས་སྲིད་ཇུས་ལ་ཐུགས་རྗེ་ཆེ་ཞུ་བའི་ཡིག་ཐོག་ནས་བྲིས་པའི་འཕྲིན་ཡིག་ཞིག་མངགས་བཅོལ་གནང་བྱུང་ཞེས་བཤད།”
འཕྲིན་ཡིག་ལག་འབྱོར་བྱུང་བ་མ་ཐག་ཞིས་ཅིན་ཕིང་གིས་འཛུམ་བག་སྟོན་བཞིན“ཁྱེད་ཀྱི་ངས་ལྷན་རྒྱས་ཚང་མར་སྨོན་འདུན་ཞུས་པ་བརྒྱུད་བསྒྲགས་གནང་རོགས། བཀྲ་ཤིས་བདེ་ལེགས།”ཅེས་གསུངས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10