གསར་སྐྱེས་གླུ་བ་གདུགས་དཀར་ཡག་གི་ཆེད་བསྒྲིགས་ཐོག་མ༼རེ་སྒུག༽མི་འགྱངས་པར་འགྲེམ་སྤེལ་བྱེད་རྒྱུ་རེད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-03-11

ཉེ་སྔོན།བོད་ཀྱི་གསར་སྐྱེས་གླུ་བ་གདུགས་དཀར་ཡག་གི་གླུ་གཞས༼དྲན་བྱུང༽ཞེས་པ་དྲ་རྒྱའི་ཐོག་དུས་མཉམ་དུ་འགྲེམ་སྤེལ་བྱས་ཤིང་། དེ་ནི་གླུ་བ་གདུགས་དཀར་ཡག་གིས་ཁོང་གི་ཚེ་ལས་འདས་པའི་ཕུ་བོ་ལ་རྗེས་དྲན་བྱེད་པའི་ཆེད་དུ་སྒྲིག་བཟོ་བྱས་པའི་གླུ་གཞས་གསར་བ་ཞིག་ཡིན།
  2009ལོ་ནས2010ལོའི་བར་དུ་གླུ་བ་གདུགས་དཀར་ཡག་གིས་སྔ་གཞུག་ཏུ༼དྲན་གདུང༽དང་།༼ཞི་བདེའི་ལམ་བུ༽༼འགྱུར་མེད་ཀྱི་བསམ་པ༽སོགས་གླུ་གཞས་ལྔ་འགྲེམ་སྤེལ་བྱས་ནས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད། ད་ལོར་ཁོང་གི་ཆེད་བསྒྲིགས་ཐོག་མ༼རེ་སྒུག༽ཅེས་པ་གསར་དུ་བརྩམས་ཤིང་། ཟླ3པའི་ནང་དུ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་རྒྱུ་རེད།གླུ་གཞས༼དྲན་བྱུང༽ཞེས་པའང་ཆེད་བསྒྲིགས་དེའི་ཁྲོད་དུ་བཞག་འདུག
  • ལེ་ཚན་སྔོན་མ།:ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཀུན་སྤྱོད་སློབ་གསོའི་བྱ་འགུལ་སྤེལ།
  • ལེ་ཚན་རྗེས་མ།:ཞིས་ཅིན་ཕིང་གིས་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།