རྔ་བའི་གསར་འགྱུར་དྲ་བ། 2013-03-08
མི་རྒན་རྣམས་དང་ཡར་མར་ཕྱོགས་ཀྱི་ཁ་བརྡ་བྱེད་བཞིན་པའི་ཚུལ།
སྤྱི་ཟླ3པའི་ཚེས5ཉིན། “ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་ཉིན་མོ”འདིར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྫོང་ཁྲིམས་ཁང་གི་བུད་མེད་དང་བླངས་པ་རྫོང་འདིའི་སྤྱི་ཚོགས་ཕན་བདེ་རོགས་སྐྱོར་ལྟེ་གནས་སུ་སོང་ནས་དེ་རུ་འཚོ་བ་རོལ་བཞིན་པའི་རྒན་པ་རྣམས་ལ་ཁམས་འདྲི་བྱས། ཁོ་མོ་ཚོས་རྒན་པ་རྣམས་དང་ལྷན་དུ་འཛོམས་ནས་ཡར་མར་ཕྱོགས་ཀྱི་ཁ་བརྡ་བྱས་ཤིང་ཁོ་ཚོར་རོགས་བྱས་ཏེ་སྒེའུ་ཁུང་དང་འདུག་ས་གཙང་སྦྲ་བྱས། དུས་མཚུངས་སུ་རྒན་པ་རྣམས་ལ་རིན་གོང་སྒོར3500.00ཡོད་པའི་འབྲས་དང་ཕྱེ། སྣུམ་ལ་སོགས་པའི་འཚོ་བའི་ཉིན་མཁོའི་དངོས་རྫས་བསྐྱལ་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10