གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་གཞོན་ནུ་དང་བླངས་པ་ཚོས་སྤྱི་ཚོགས་ཧྲིལ་པོའི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་གྱི་གདོང་སྐྱོད་པ་བྱེད་དགོས་པའི་བླང་བྱ་བཏོན་པ།
ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-03-07
སྤྱི་ཟླ3པའི་ཚེས4ཉིན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་སྐབས་དགུ་པའི་ཀྲུང་གོའི་གཞོན་ནུ་དང་བླངས་པའི་ཕུལ་བྱུང་བྱ་དགའ་སྤྲོད་པའི་གཟེངས་བསྟོད་ཚོགས་འདུ་དང་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ལའོ་ཧའོ་ཡིས་ཚོགས་འདུའི་ཐོག གཞོན་ནུ་དང་བླངས་པས་དང་བླངས་བྱེད་སྒོ་ཆུང་ཙག་ནས་བསྒྲུབས་འགོ་བཙུགས་ཏེ། སྤྱི་ཚོགས་ཧྲིལ་པོའི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་གྱི་གདོང་བསྐྱོད་པར་འགྱུར་བ་བྱེད་དགོས་པ་དང་། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ནང་ཞུགས་པ་བརྒྱུད། ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་བསམ་པའི་གོམས་སྲོལ་དར་སྤེལ་ཤུགས་ཆེན་གཏོང་དགོས་ཞེས་གསུངས་ཡོད་པ་རེད།