ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-03-07
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོའི་བསྒྱུར་བཅོས་དང་གོང་འཕེལ་ཞིབ་འཇུག་ཁང་ཧའེ་ནན་ཁུལ་གྱི་འགོ་འཛིན་ཁྲེ་ཧྥུ་ལིང་གིས། ཡོང་འབབ་ལྡབ་འཕར་ཡོང་བ་བྱེད་རྒྱུ་ནི་དབུལ་ཕྱུག་གི་ཧེ་བག་ཇེ་ཆེར་འགྲོ་བའི་རྨང་གཞིའི་སྟེང་ལྡབ་འཕར་ཡོང་བ་བྱེད་རྒྱུ་དེ་མིན་པར། ཡོང་འབབ་དམའ་འབྲིང་གི་མི་ཚོགས་ལ་ཕྱོགས་ལྷུང་བྱེད་པའི་ཁྲོད་ལྡབ་འཕར་ཡོང་བ་བྱེད་རྒྱུ་དེ་ཡིན་པ་དང་། ལྷག་པར་དུ་ཡོང་འབབ་དམའ་འབྲིང་གི་མི་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཐུབ་པ་བྱེད་རྒྱུར་དོ་སྣང་བྱེད་དགོས། གསར་དུ་བཏོན་པའི་ཡོང་འབབ་བགོ་འགྲེམས་བསྒྱུར་བཅོས་ཇུས་གཞིའི་ནང་། ཡོང་འབབ་དམའ་འབྲིང་གི་མི་སྣའི་ཡོང་འབབ་འཕར་སྣོན་མགྱོགས་ཙམ་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད་པས། དེ་ནི་དགའ་འོས་པའི་གཏམ་བཟང་ཞིག་རེད་ཅེས་གསུངས་པ་དང་།
ཁྲེ་ཧྥུ་ལིན་གྱིས་དབྱེ་ཞིབ་གནང་བར། མིག་སྔར་རང་རྒྱལ་གྱི་ཡོང་འབབ་དམའ་འབྲིང་གི་ཁྱུ་ཚོགས་ཀྱིས23%ལས་ཟིན་གྱི་མེད། གལ་ཏེ་ལོ་ལྟར་བརྒྱ་ཆའི་གནས2མཐོ་རུ་གཏོང་ཐུབ་ཚེ། སྤྱི་ལོ2020ལོར་སླེབས་སྐབས40%ཡན་མཐོ་རུ་གཏོང་ཐུབ་པ་དང་། ཡོང་འབབ་དམའ་འབྲིང་གི་ཁྱུ་ཚོགས་ཀྱི་གཞི་ཁྱོན་དེ་མི་འབོར་དུང་ཕྱུར་གསུམ་ནས་དུང་ཕྱུར6གི་གཡས་གཡོན་བར་ཆེ་རུ་གཏོང་ཐུབ། དེའི་ཐོག་ནས་ཡོང་འབབ་དམའ་བའི་ཁྱུ་ཚོགས་དེ་བས་མང་བ་ཡོང་འབབ་འབྲིང་བའི་གྲས་སུ་ཞུགས་ཐུབ་པ་མཚོན་ཡོད་ཅེས་གསུངས་ཡོད་པ་རེད།
དེར་བརྟེན། གང་འདྲ་བྱས་ཏེ་ཡོང་འབབ་དམའ་འབྲིང་གི་མི་སྣའི་ཡོང་འབབ་མཐོ་རུ་གཏོང་རྒྱུའི་ཐད་མང་སྤྲོད་ཉུང་བསྡུ་བྱེད་རྒྱུ་དེ་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ནོར་སྲིད་པུའི་རྒྱུ་ནོར་ཁོའོ་ཡི་འགོ་འཛིན། ཨུ་ཡོན་ཅ་ཁང་གིས། མང་སྤྲོད་ཅེས་པ་ནི་གཏོང་སྤྲོད་སྤོ་བསྒྱུར་ཡག་པོ་བྱེད་རྒྱུ་དེ་ཡིན། གཏོང་སྤྲོད་སྤོ་བསྒྱུར་གྱི་བྱ་ཐབས་དེ་ནི་ནོར་སྲིད་དམངས་ཀྱི་ས་ནས་ལེན་པའི་ཁྲོད་གཙོ་བོ་ཕྱུག་པོའི་ལག་ནས་མང་ཙམ་ལེན་པ་དང་། ནོར་སྲིད་དམངས་ཀྱི་ཐད་སྤྱོད་པའི་ཁྲོད་གཙོ་བོ་དབུལ་པོར་ཁ་གསབ་མང་ཙམ་སྤྲོད་པའི་བགོ་འགྲེམས་བསྐྱར་མའི་བྱ་ཐབས་ཤིག་ཡིན་ཞིང་། དེའི་ནང་གོང་འཕེལ་འགྲོ་འགོར་བའི་ས་ཁུལ་ལ་རོགས་སྐྱོར་དང་ཟུར་སྐྱོར་བྱེད་རྒྱུ་ཚུད་ཡོད་ལ། ཡོང་འབབ་དམའ་བ་དང་དཀའ་ངལ་ཡོད་པའི་ཁྱུ་ཚོགས་ཁག་ཅིག་ལ་ཐད་ཀར་རོགས་སྐྱོར་དང་ཟུར་སྐྱོར་བྱེད་རྒྱུ་ཡང་ཚུད་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད། ཅ་ཁང་གིས་དབུས་ནུབ་ས་ཁུལ་ལ་ནོར་ཤུགས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་དང་། ལས་ཞུགས། དབུལ་སྐྱོར། གསར་སྤེལ་སོགས་ཀྱི་གཏོང་སྒོ་མང་དུ་གཏོང་བ། ད་དུང་དཀའ་ངལ་ཡོད་པའི་མི་ཚོགས་ལ་རོགས་སྐྱོབ་དང་རོགས་སྐྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་གྲོས་འགོ་བཏོན་གནང་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10