གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཆེད་སྒྲིག་རིག་རྩལ་དགོང་ཚོགས་པེ་ཅིན་དུ་འཚོགས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-03-07

མཛེས་སྡུག་དང་མཉམ་དུ་བསྐྱོད་པ》ཞེས་པའི2013ལོའི་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཆེད་སྒྲིག་རིག་རྩལ་དགོང་ཚོགས་སྤྱི་ཟླ3པའི་ཚེས4ཉིན་པེ་ཅིན་དུ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཀྲི་ལི་ཡིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་སོ་སོའི་བུད་མེད་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་གནང་བ་རེད།

ཁོང་གིས་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ལོ་གསར་བའི་ནང་འབད་བརྩོན་ལྷོད་མེད་དང་། བྱས་རྗེས་བཞག་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཏེ་ཀྲུང་གོའི་ཕུགས་བསམ་མངོན་འགྱུར་ཡོང་བར་རང་གི་བློ་གྲོས་དང་སྟོབས་ཤུགས་ཡོད་རྒུ་འབུལ་དགོས་པ་དང་། མཛེས་པའི་ཀྲུང་གོ་དང་ལྷན་ཅིག་མདུན་དུ་བསྐྱོད་དགོས་པའི་རེ་བ་བཏོན་འདུག

དགོང་ཚོགས་ཐོག་ད་དུང2012ལོའི་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་མིག་དཔེ་དང་། རྒྱལ་ཡོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་གནས་ཐོག་བྱས་རྗེས་བཞག་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ། རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་གནང་བའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ལ་གཟེངས་བསྟོད་གནང་ཡོད་པ་རེད།

《མཛེས་སྡུག་དང་མཉམ་དུ་བསྐྱོད་པ》ཞེས་པའི2013ལོའི་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཆེད་སྒྲིག་རིག་རྩལ་དགོང་ཚོགས་དེ་སྤྱི་ཟླ3པའིཚེས8ཉིན་གྱི་ཆུ་ཚོད8ཐོག་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཕྱོགས་བསྡུས་བརྒྱུད་ལམ་ནས་གཟིགས་མོ་བའི་མིག་གི་དགའ་སྟོན་དུ་འབུལ་རྒྱུ་རེད།  །

 
0
  • ལེ་ཚན་སྔོན་མ།:འཐུས་མིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོའི་ཡུལ་མི་བཀོད་སྒྲིག་བྱེད་དགོས་པའི་སྐོར་གྱི་དགོངས་འཆ
  • ལེ་ཚན་རྗེས་མ།:ཨུ་ཡོན་ཚོས་ཡོང་འབབ་ལྡབ་འཕར་དང་ཆ་སྙོམས་ལྡབ་འཕར་གཉིས་གོ་དོན་གཅིག་མིན་པའི་སྐོར་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།