ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-03-07
མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་མཐོ་སྒང་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས་དེར་གཙང་གསུམ་འབྱུང་ཡུལ་ཞེས་མིང་ཐོགས་པ་རེད། ཡིན་ནའང་འཛམ་གླིང་ཡོངས་ཀྱི་གནམ་གཤིས་དྲོད་འགྱུར་སོགས་རང་བྱུང་རྒྱུ་རྐྱེན་དང་། ཕྱུགས་ཟོག་འཚོ་སྐྱོང་ཚད་ལས་བརྒལ་བ་དང་གང་བྱུང་ངང་ས་བརྐོ་སློག་བྱས་པ་སོགས་མིའི་རྒྱུ་རྐྱེན་གཉིས་ཀྱི་ཤུགས་རྐྱེན་འོག སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ཞན་དུ་འགྱུར་བཞིན་ཡོད་པ་རེད།
ནོར་སྡེས་ངོ་སྤྲོད་གནང་བར། སྐྱེ་ཁམས་སྲུང་སྐྱོབ་བྱེད་ཆེད། གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་རྣམས་རིམ་བཞིན་རྩྭ་ཐང་ནས་གནས་སྤོས་ཏེ། མགོ་ལོག་དང་ཡུལ་ཧྲུའུ། མཚོ་ལྷོ་ཁུལ་བཅས་ཀྱི་རྫོང་གྲོང་ཉེ་འགྲམ་དུ་གཞི་ཆགས་འགོ་བརྩམས་པ་རེད། ཡིན་ནའང་། ལོ་ངོ་སྟོང་ཕྲག་རིང་རུ་བ་སྤོས་ནས་འཚོ་བ་བསྐྱལ་བའི་འབྲོག་པ་རྣམས་ཐོན་སྐྱེད་དང་འཚོ་བ་གསར་བར་གོམས་པའི་བརྒྱུད་རིམ་ནང་ད་དུང་ཕྱོགས་ཁག་ནས་ཐུགས་ཁུར་དང་རོགས་རམ་གནང་དགོས་པ་རེད།
དེའི་ཐད། ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཝང་ཡུས་ཧུའུ་ཡིས། ཐོག་མར་ཞིང་འབྲོག་པར་རིག་གནས་དང་ངལ་རྩོལ་ལག་རྩལ་གྱི་སྦྱོང་བརྡར་སྤྲད་ནས། ཞིང་འབྲོག་པའི་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བཏང་སྟེ། གཞི་རིམ་སྲིད་གཞུང་གི་གཞི་རྩའི་སྤྱི་བའི་ཞབས་ཞུའི་ནུས་པར་ཤུགས་སྣོན་དང་། ཞིང་འབྲོག་ས་ཁུལ་གྱི་རྗེས་མཐུད་ཐོན་ལས་གོང་དུ་འཕེལ་བར་རོགས་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན་འདུག །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10