མགོ་ལོག༼གེ་སར༽སྒྲུང་བའི་གྲུབ་འབྲས་འགྲེམ་སྟོན་རྒྱལ་ས་པེ་ཅིན་ནས་བསྡུས།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2012-12-25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།རྒྱལ་ཡོངས«གེ་སར»བྱ་བའི་མགོ་ཁྲིད་ཚན་ཆུང་དང་མཚོ་སྔོན་ཞིང་ཆེན་གེ་སར་བྱ་བའི་མགོ་ཁྲིད་ཚན་ཆུང་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་མངག་བཅོལ་ལས་གཞི་འགངས་ཆེན་གླིང་སྒྲུང་མྱུར་སྐྱོབ་དང་སྲུང་སྐྱོབ། ཞིབ་འཇུག་བཅས་ཀྱི་དཔྱད་གཞི་ཚན་ཁག་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་མཚོ་སྔོན་མགོ་ལོག་གེ་སར་སྒྱུ་རྩལ་པའི་གྲུབ་འབྲས་འགྲེམ་སྟོན་དང་པྲ་སྒྲུང་ལོ་རྒྱུས་སྙན་རྩོམ་སྒྱུ་རྩལ་འགྲེམ་སྟོན་ཚེས23ཉིན་པེ་ཅིན་བོད་ལྗོངས་ཐོག་ཁང་ཆེན་མོའི་ནས་བསྡུས། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅིན་རི་ཀོང་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཏང་ཙུའུ་ཧྲུའུ་ཅི། གླིང་གཙོ་གཞོན་པ། རྒྱལ་ཡོངས་གེ་སར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་དབྱིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་གེ་སར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཅི་ཏུས་མ་ཅ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཅུའུ་གཉིས་པའི་ཅུའུ་ཀྲང་གཞོན་པ་དཀོན་མཆོག ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་མགོ་གཙོ། རྒྱལ་ཡོངས«གེ་སར»བྱ་བའི་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཁྲའོ་ཀི་ཅིན། རིག་གནས་པུའུ་གཟུགས་འདས་རིག་གནས་ཟི་དང་ཐོན་ལས་ཟི། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། པེ་ཅིན་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ནང་སོག་བཅས་ཀྱི་གེ་སར་ཞིབ་འཇུག་ཆེད་ལས་མཁས་པ་བཅས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།
གེ་སར་ལོ་རྒྱུས་སྙན་རྩོམ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པའི་གཟུགས་འདས་རིག་གནས་བརྩམས་ཆོས་ཡིན་པ་དང་། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་མང་པོའི་ཁྲོད་ཀྱི་ཁྱད་འཕགས་ཚབ་བྱེད་ཡིན་པ་མ་ཟད། འཛམ་གླིང་སྣ་མང་རིག་གནས་ཀྱི་གར་སྟེགས་སྟེང་གི་འོད་སྟོང་ལྡན་པའི་དཀོན་ནོར་ཞིག་ཀྱང་རེད། དེའི་ཁྲོད་ཀྱི་པྲ་སྒྲུང་སྒྱུ་རྩལ་ནི་མཐོང་དཀོན་ཞིང་ཐུན་མོང་མ་ཡིན་པའི་འཛིན་སྐྱོང་བྱེད་སྟངས་ཤིག་ཡིན་པས། དུས་ཡུན་རིང་བའི་ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཚབ་བྱེད་དུ་གྱུར་བའི་རྒྱ་ཆེའི་གེ་སར་སྒྲུང་འཛིན་སྐྱོང་ས་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐོང་ཆེན་བྱས་པའི་འོག རྒྱལ་ཡོངས་གེ་སར་བྱ་བའི་གཞུང་སྒྲུབ་ཁང་དང་ས་གནས་ཁག་གི་ཞིབ་འཇུག་ལས་ཁུངས་དང་མཉམ་དུ་གེ་སར་ལོ་རྒྱུས་སྙན་རྩོམ་འཛིན་སྐྱོང་དང་ཞིབ་འཇུག་བྱ་བའི་ཁྲོད་དུ་བྱ་བ་མང་པོ་བསྒྲུབས། ཐེངས་འདིའི་འགྲེམ་སྟོན་ནི་ད་ཡོད་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་ལས་གཞན། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་འཛིན་སྐྱོང་བྱེད་སྟངས་གསར་བ་དང་། སྒྲུང་བར་སྲུང་སྐྱོབ་དང་རྒྱུན་སྐྱོང་བའི་ཚོད་ལྟ་ཞིག་ཀྱང་རེད།  ། 
  • ལེ་ཚན་སྔོན་མ།:སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་མདོ་སྨད་ཙོང་ཁ་གྲོང་ཁྱེར་ནས་བསྡུས་པ།
  • ལེ་ཚན་རྗེས་མ།:འཐུས་མིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོའི་ཡུལ་མི་བཀོད་སྒྲིག་བྱེད་དགོས་པའི་སྐོར་གྱི་དགོངས་འཆ
  • དོ་སྣང་ཆེ་བའི་རྩོམ།