སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་མདོ་སྨད་ཙོང་ཁ་གྲོང་ཁྱེར་ནས་བསྡུས་པ།

    རིག་འབྱུང་དྲ་བ།    2012-12-25

སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་མདོ་སྨད་ཙོང་ཁ་གྲོང་ཁྱེར་ནས་བསྡུས་པ།

    ལོ་འཁོར་གསུམ་རེའི་ནང་ཐེངས་རེར་བསྡུ་གིན་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོ་ཐེངས་གསུམ་པ་ཟླ་༡༢པའི་ཚེས་༢༡ཉིན་མདོ་སྨད་ཙོང་ཁ་གྲོང་ཁྱེར་ནས་བསྡུས། འདུ་ཚོགས་ལ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མེ་སྒྲོན་དང་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སེ་ཆེན་ཧྥུ། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་བ་ནོར་བུ་རིན་ཆེན་སོགས་འབྲེལ་ཡོད་མགོ་ཁྲིད་དང་། དུས་དེབ་གངས་རྒྱན་མེ་ཏོག་གི་གཙོ་སྒྲིག་ཟུར་བ་ཚེ་འབར་དང་མགོན་པོ་དོན་གྲུབ་སོགས་འབྲེལ་ཡོད་མི་སྣ་གལ་ཆེན་དག དཔའ་རྩེ་དང་མཚོ་སྐྱེས་སོགས་རེབ་འདིའི་སྙན་ངག་དཔྱད་འདེམས་པ་དག རྟ་མགྲིན་སྐྱབས་དང་ཚེ་བརྟན་རྡོ་རྗེ་སོགས་དུས་དེབ་ཁང་གི་གཙོ་སྒྲིག་པ། སྒྲུང་གཏམ་པ་ཚེ་རིང་དོན་གྲུབ་དང་སྟག་འབུམ་རྒྱལ་སོགས་གདན་ཞུས་སྐུ་མགྲོན་དག་དང་། སྙན་ངག་པ་སྨན་བླ་སྐྱབས་དང་ཞི་བདེ་ཉི་མ། འབྲོང་སོགས་རྐང་འཛིན་རྩོམ་པ་པོའི་སྡེ། ཆེད་དུ་ཚོགས་འདུ་ལ་ཟུར་ཞུགས་བྱས་པའི་སློབ་གྲྭ་ཆེན་མོའི་སློབ་མ་སོགས་མི་སྣ་ལྔ་བཅུ་ལྷག་ཞུགས་ཡོད།

སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་མདོ་སྨད་ཙོང་ཁ་གྲོང་ཁྱེར་ནས་བསྡུས་པ།
    ཚོགས་འདུས་ཀན་སུའུ་ནས་ཕེབས་པའི་དཔྱད་བརྗོད་པ་བདུད་ལྷ་རྒྱལ་དང་ལྷ་ས་ནས་ཕེབས་པའི་སྙན་ངག་པ་བྱ་གཞུང་དབྱངས་བྷ། མཚོ་སྔོན་ནས་ཕེབས་པའི་སྙན་ངག་པ་འཆི་མེད་དང་གེ་སར། ཡུན་ནན་ནས་ཕེབས་པའི་སྙན་ངག་པ་ཁ་པ་དཀར་པོ་བཅས་མི་མགོ་ལྔ་ལ་སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའི་རྟགས་མ་དང་དངུལ་བུན་སྤྲད་པར་མ་ཟད། བྱ་དགའ་ཐོབ་མཁན་དག་གི་བརྩམས་ཆོས་ཀྱི་ཁྱད་ཆོས་དང་འབྲེལ་བའི་དཔྱད་ཐུང་དག་ཚོགས་ཐོག་ཏུ་སྒྲོག་འདོན་བྱས་ཡོད། རེབ་འདིའི་འདུ་ཚོགས་ལ་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་འཕགས་པ་ཐར་གྱིས་མགོ་འཛིན་བྱས། ། སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་མདོ་སྨད་ཙོང་ཁ་གྲོང་ཁྱེར་ནས་བསྡུས་པ།

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མེ་སྒྲོན་ལགས་ཀྱིས་གཏམ་བཤད་གནང་གིན་པའི་ཚུལ།

སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་མདོ་སྨད་ཙོང་ཁ་གྲོང་ཁྱེར་ནས་བསྡུས་པ།

མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སེ་ཆེན་ཧྥུ་ཡིས་གཏམ་བཤད་གནང་གིན་པའི་ཚུལ།

སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་མདོ་སྨད་ཙོང་ཁ་གྲོང་ཁྱེར་ནས་བསྡུས་པ།

སྙན་ངག་པ་དཔའ་རྩེ་ཡིས་དཔྱད་འདེམས་པའི་ཚབ་བྱས་ཏེ་གཏམ་བཤད་གནང་གིན་པའི་ཚུལ།

སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་མདོ་སྨད་ཙོང་ཁ་གྲོང་ཁྱེར་ནས་བསྡུས་པ།

རྩོམ་པ་པོ་བདུད་ལྷ་རྒྱལ་གྱིས་བྱ་དགའ་ཐོབ་མཁན་གྱི་ཚབ་བྱས་ཏེ་གཏམ་བཤད་གནང་གིན་པའི་ཚུལ།

སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་མདོ་སྨད་ཙོང་ཁ་གྲོང་ཁྱེར་ནས་བསྡུས་པ།

བྱ་དགའ་ཐོབ་མཁན་བྱ་གཞུང་དབྱངས་བྷས་རང་གི་གསར་རྩོམ་གྱི་མྱོང་བ་བརྗོད་ཀིན་པའི་ཚུལ།

  • ལེ་ཚན་སྔོན་མ།:ཨོ་པ་མ་ཡིས་ཝང་ཆི་ཧྲན་ལ་ཐུག་འཕྲད་བྱས་པ།
  • ལེ་ཚན་རྗེས་མ།:མགོ་ལོག༼གེ་སར༽སྒྲུང་བའི་གྲུབ་འབྲས་འགྲེམ་སྟོན་རྒྱལ་ས་པེ་ཅིན་ནས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།