བཀྲ་ཤིས་འབུམ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-12-24
ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཆི་ཧྲན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཏོ་ཉི་ལུང་ལ་མཇལ་འཕྲད་གནང་སྐབས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཝང་ཆི་ཧྲིན་ལ་ཐུག་འཕྲད་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་ཉི་ཤུ་ཉིན་ཕོ་བྲང་དཀར་པོའི་ལོ་སི་ཧྥུའུ་ཚོམས་ཁང་དུ་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཏོ་ཉི་ལུང་ལ་མཇལ་འཕྲད་གནང་སྐབས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཝང་ཆི་ཧྲིན་ལ་ཐུག་འཕྲད་བྱས།
ཝང་ཆི་ཧྲན་གྱིས་ཨོ་པ་མ་ཡིས་ཁོ་ལ་ཐུག་འཕྲད་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུའུ་ཞི་ཧུའུ་ཅིན་ཐོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་རྣམ་གཉིས་ཀྱིས་ཙུང་ཐུང་ཨོ་པ་མ་ལ་བརྩེ་བའི་འཚམས་འདྲི་ཞུས་པ་བརྒྱུད་བསྒྲགས་མཛད། ཝང་ཆི་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོའི་ཏང་དང་སྲིད་གཞུང་གི་མགོ་ཁྲིད་པས་སྔོན་ཆད་དང་འདྲ་བར་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་རྒྱ་ཆེ་ཞིང་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་མཉམ་ལས་བྱེད་པ་དང་། ས་ཁུལ་དང་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཨོ་པ་མ་ཡིས་ཝང་ཆི་ཧྲན་བརྒྱུད་ནས་ཀྲུའུ་ཞི་ཧྲུའུ་ཅིན་ཐོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་རྣམ་གཉིས་ལ་བརྩེ་བའི་འཚམས་འདྲི་ཞུས། ཨོ་པ་མ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་དང་འགྲན་རྩོད་ལ་ཁ་གཏད་འཇལ་ཞིང་། སྟོབས་དང་ལྡན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་གྲོས་མོལ་ཇེ་མང་དུ་གཏོང་དགོས་པར་མ་ཟད། ཧུར་ཐག་དང་འཛུགས་སྐྲུན་རང་བཞིན་གྱི་རྣམ་པ་ལ་བརྟེན་ནས་ཕྱོགས་གཉིས་བར་གྱི་འགལ་བ་སྣ་ཚོགས་ཐག་གཅོད་རྒྱུ་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་ཕན་པ་ཡོད་ཟེར།
ཝང་ཆི་ཧྲན་གྱིས་ཏོ་ཉི་ལུང་ལ་མཇལ་འཕྲད་གནང་སྐབས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་རྒྱལ་སྤྱི་དང་ས་གནས་ཀྱི་བདེ་འཇགས་གནས་བབ་སོགས་གནད་དོན་ཐད་འཛིན་པའི་ལྟ་ཚུལ་ལ་ཉན་པར་མ་ཟད་ཕྱིར་ལན་བཏབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10