ཕྱི་ཕྱོགས་རིག་གནས་ཉོ་ཚོང་ལོ་རེའི་འཕར་ཚད20%ཟིན་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2012-12-24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2012ལོའི་རྒྱལ་ཡོངས་རིག་གནས་ཁོངས་གཏོགས་ཕྱི་ཕྱོགས་ཉོ་ཚོང་ལས་དོན་གྲོས་ཚོགས་དེ་སྤྱི་ཚེས20ཉིན་ཧྲང་ཧའེ་རུ་སྐོང་འཚོགས་བྱས་པ་དང་། གྲོས་ཚོགས་ཐོག་ཀྲུང་གོའི་ཕྱི་ཕྱོགས་རིག་གནས་ཉོ་ཚོང་གི་སྤྱི་ལོ2012ལོའི་ལོ་འཁོར་མོའི་སྙན་ཞུའི་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་སྤྱི་ལོ2009ལོའི་རིག་གནས་ཐོན་རྫས་ལྟེ་བའི་ནང་དོན་གྱི་ཕྱི་ཕྱོགས་ཉོ་ཚོང་གྲངས་འབོར་ཨ་སྒོར་དུང་ཕྱུར9.7དང་། སྤྱི་ལོ2010ལོར་ཨ་སྒོར་དུང་ཕྱུར13.5། སྤྱི་ལོ2011ལོར་ཨ་སྒོར་དུང་ཕྱུར14.5བཅས་ཟིན་པས་ལོ་འཁོར་མོའི་མཉམ་འདུས་འཕར་ཚད20%ཡན་ཟིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྒུལ་རིས་དང་རོལ་རྩེད་སོགས་ཚུད་པའི་གསར་དར་རིག་གནས་ཐོན་ལས་ཉིན་རེ་བཞིན་རང་རྒྱལ་གྱི་རིག་གནས་ཐོན་རྫས་ཕྱིར་བསྐྱོད་པའི་གཙོ་ཤུགས་དམག་ལྟ་བུར་གྱུར་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཁྲིམས་རྩོད་པའི་སློབ་གླིང་དངོས་སུ་བཙུགས་པ།
  • ལེ་ཚན་རྗེས་མ།:ཨོ་པ་མ་ཡིས་ཝང་ཆི་ཧྲན་ལ་ཐུག་འཕྲད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།