རྒྱལ་ཁབ་ཁྲིམས་རྩོད་པའི་སློབ་གླིང་དངོས་སུ་བཙུགས་པ།
ཀྲུང་གོའི་བོད་སྐད་རླུང་འཕྲིན། 2012-12-24
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས20ཉིན། རྒྱལ་ཁབ་ཁྲིམས་རྩོད་པའི་སློབ་གླིང་དེ་ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་དུ་ཡོད་པའི་ཀྲུང་དབྱང་སྲིད་ཁྲིམས་ཉེན་རྟོག་དཔོན་སློབ་གླིང་ནང་དབུ་བརྙེས་པ་དང་། ཁྲིམས་འཛིན་པུའི་པུའུ་ཀྲང་ཨུ་ཨའེ་དབྱིན་གིས་དབུ་བརྙེས་པའི་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གནང་ཡོད་པ་རེད། སྤྱི་ལོ2012ལོའི་ཟླ་བ11པར། ཀྲུང་དབྱང་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཆོག་མཆན་སྤྲད་པ་བརྒྱུད། ཀྲུང་དབྱང་སྲིད་ཁྲིམས་ཉེན་རྟོག་དཔོན་སློབ་གླིང་གི་རྒྱལ་སྒོར་རྒྱལ་ཁབ་ཀྱི་ཁྲིམས་རྩོད་པའི་སློབ་གླིང་གི་སྒོ་བྱང་བཀལ་ཡོད་པ་རེད།