ཚེ་རིང་སྒྲོལ་མ། ཀན་ལྷོ་ཁུལ་རྒྱང་བསྒྲགས་ཁང་། 2013-03-04
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2012ལོ་ཀན་སུའུ་ཞིང་ཆེན་གྱིས་སློབ་གྲྭ་འཛུགས་སྐྲུན་དང་བྱིས་གཉོར་ཁང་འཛུགས་སྐྲུན། རྒྱ་བོད་སྐད་གཉིས་ཀྱི་དགེ་རྒན་གསོ་སྦྱོང་སོགས་ཕྱོགས་མང་བོ་ནས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་སློབ་གསོ་ལས་རིགས་ཀྱི་རོགས་སྐྱོར་ནུས་ཤུགས་ཇེ་ཆེར་བཏང་པ་མ་ཟད། ད་དུང་ཆེད་སྤྱོད་མ་དངུལ་སྒོར་ཁྲི500བཀོད་སྒྲིག་བྱས་ནས་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས།
2012ལོར་ཀན་སུའུ་ཞིང་ཆེན་གྱིས་ཀྲུང་དབྱང་ནོར་སྲིད་ནས་མི་རིགས་སློབ་གསོའི་ཆེད་སྤྱོད་ཁ་གསབ་མ་དངུལ་སྒོར་ཁྲི750བརྩོན་ལེན་བྱས་པ་མ་ཟད། ད་དུང་གྲངས་ཉུང་མི་རིགས་ཀྱི་མཐའ་འཁོབ་རི་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ཞག་སྡོད་སློབ་གྲྭ་འཛུགས་སྐྲུན་བྱེད་པར་མ་དངུལ་སྒོར་ཁྲི400བཀོད་སྒྲིག་བྱས་ནས། གཙོ་བོ་ཀན་སུའུ་ཡི་བོད་ཁུལ་དང་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས། སྔར་ལས་ལྷག་པར་བོད་ཁུལ་གྱི་བྱིས་པ་བྱིས་གཉོར་ཁང་ལ་ཞུགས་དཀའ་ བའི་གནད་དོན་ཐག་གཅོད་བྱེད་ཆེད། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར1.25ལྷག་བཀྲམ་ནས། མི་རིགས་ས་ཁུལ་དུ་བྱིས་གཉོར་ཁང78གསར་སྐྲུན་དང་བསྒྱུར་སྐྲུན། རྒྱས་སྐྲུན་བྱས།
ཞིང་ཆེན་སློབ་གསོ་ཐིན་གྱི2013ལོའི་བྱ་བའི་ཁྲོད་དུ། མགྱོགས་མྱུར་སྒོས་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སྐུལ་སྤེལ་མགྱོགས་སུ་གཏོང་བ་གཙོ་གནད་དུ་བཞག་ཡོད། ཀན་སུའུ་ཞིང་ཆེན་གྱིས་ད་ལོའི་མི་རིགས་ས་ཁུལ་གྱི་ སློབ་ཞུགས་སྔོན་གྱི་སློབ་གསོ་རྨང་གཞིའི་ནུས་པའི་འཛུགས་སྐྲུན་གྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་རྒྱུ་དང་། མི་རིགས་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་འོས་འགན་སློབ་གསོ་སློབ་གྲྭའི་ཚད་མཐུན་ཅན་གྱི་འཛུགས་སྐྲུན་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་བ་ལས་གཞན་ད་རུང་ད་ལོར་ཞིང་ཆེན་གྱིས་མུ་མཐུད་དུ“དགུ་ཐོག་གསུམ་བསྣོན”གྱི་བོད་ཁུལ་གྱི་རིན་མི་ལེན་པའི་འབྲིང་རིམ་ལས་རིགས་སློབ་གསོ་རྣམ་གྲངས་སྤེལ་རྒྱུ་དང་། རྣམ་གྲངས་འདིར་ཐེན་ཅིན་པིན་ཧེ་ཁུལ་གསར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི2000ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་རེད། ཀན་སུའུ་ཞིང་ཆེན་གྱིས་ལོ་དགུའི་འོས་འགན་སློབ་གསོའི་རྨང་གཞི་སྟེང་། བོད་ཁུལ་གྱི་མི་རིགས་སོ་སོའི་ན་གཞོན་ལོ་ཆུང་ལ་ལོ་གསུམ་གྱི་རིན་མི་ལེན་པའི་འབྲིང་རིམ་སློབ་གསོ་འདོན་སྤྲོད་བྱེད་རྒྱུ་ཡིན། ད་ལོར་རྣམ་གྲངས་འདིས་ཀན་ལྷོ་ཁུལ་དང་དཔའ་རིས་རྫོང་གི་དམའ་འབྲིང་དང་མཐོ་འབྲིང་ནས་མཐར་ཕྱིན་པའི་སློབ་མ་ལྔ་བརྒྱ་བསྡུས་ནས། ལན་ཀྲོའུ་ཡི་སློབ་སྒྲུབ་ཆ་རྐྱེན་ཅུང་བཟང་བའི་འབྲིང་རིམ་ལས་རིགས་སློབ་གྲྭ་ནས་རིན་མི་ལེན་པར་སློབ་གསོ་མྱོང་དུ་འཇུག་རྒྱུ་མ་ཟད། ད་དུང་འཚོ་བའི་འགྲོ་གྲོན་སོགས་ཁ་གསབ་བྱེད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10