མཚོ་སྔོན་ཞིང་ཆེན་གྱིས2013ལོའི་བུད་མེད་ལས་ཞུགས་ལས་བསྐྲུན་ཆེད་དོན་གདན་ཞུ་ཚོགས་འདུ་བསྡུས་པ།

བདེ་སྐྱིད་འཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-03-04

མཚོ་སྔོན་ཞིང་ཆེན་གྱིས2013ལོའི་བུད་མེད་ལས་ཞུགས་ལས་བསྐྲུན་ཆེད་དོན་གདན་ཞུ་ཚོགས་འདུ་བསྡུས་པ།

མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྤྱིའི་བཟོ་ཚོགས་བཅས་ཀྱི་མཉམ་དུ་བསྒྲུབས་པའི་2013ལོའི་བུད་མེད་གསར་བསྐྲུན་ལས་ཞུགས་ཆེད་དོན་བསྡུ་ལེན་གདན་ཞུ་ཚོགས་འདུ་སྤྱི་ཟླ3པའི་ཚེས1ཉིན་གྱི་སྔ་དྲོར་ཟི་ལིང་ནས་བསྡུས་པ། 

མཚོ་སྔོན་ཞིང་ཆེན་གྱིས2013ལོའི་བུད་མེད་ལས་ཞུགས་ལས་བསྐྲུན་ཆེད་དོན་གདན་ཞུ་ཚོགས་འདུ་བསྡུས་པ།

བུད་མེད་ལས་ཞུགས་མི་སྣའི་གྲུབ་འབྲས་འགྲེམ་སྟོན་བྱས་ཡོད་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྤྱིའི་བཟོ་ཚོགས་བཅས་ཀྱིས་མཉམ་དུ་བསྒྲུབས་པའི2013ལོའི་བུད་མེད་ལས་ཞུགས་ལས་བསྐྲུན་ཆེད་དོན་གདན་ཞུ་ཚོགས་འདུ་སྤྱི་ཟླ3པའི་ཚེས1ཉིན་གྱི་སྔ་དྲོར་ཟི་ལིང་ནས་བསྡུས། བཀོལ་སྤྱོད་ལས་ཁུངས་བདུན་ཅུ་ལྷག་གདན་ཞུ་ཚོགས་འདུར་ཞུགས་པ་དང་། བཀོལ་སྤྱོད་ལས་གནས2100ལྷག་འདོན་སྤྲོད་བྱས་པ་དང་། ལས་རིགས་སུམ་ཅུ་ལྷག་ལ་འབྲེལ་བ་ཡོད། ཉིན་དེར་མང་ཚོགས1200ལྷག་གདན་ཞུ་ཚོགས་འདུར་ཞུགས་པ་དང་། ལས་ཀ་འཚོལ་བའི་མི628ལྷག་གིས་བཀོལ་སྤྱོད་ལས་ཁུངས་བར་དུ་ལས་ཀའི་གྲོས་མཐུན་བཀོད་པ་དང་། དེའི་ནང་དུ་བུད་མེད500ལྷག་ཡོད།

    ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྤྱིའི་བཟོ་ཚོགས་བཅས་ཀྱིས་འཕྲོ་རིམ་འཕྲོར་བུད་མེད་ཀྱི་ཆེད་དོན་གདན་ཞུ་ཚོགས་འདུ་སྐབས་དྲུག་བསྡུས་ནས། སྔ་གཞུག་ཏུ་བཀོལ་སྤྱོད་ཁེ་ལས་ལྔ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ། གོ་གནས6000ལྷག་འདོན་སྤྲོད་བྱས་པ་དང་། བུད་མེད་ཁྲི1.5ལྷག་བསྡུ་ལེན་གདན་ཞུ་བྱས་ཤིང་། དེའི་ནང་གི3000ལྷག་གདན་ཞུ་བྱས་པ་བརྒྱུད་དེ་ལས་ཞུགས་མངོན་འགྱུར་བྱས་ཡོད། །

 
0
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:ཀན་སུའུ་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་སློབ་གསོ་ལས་རིགས་ཀྱི་རོགས་སྐྱོར་ནུས་ཤུགས་ཇེ་ཆེར་བཏ
  • དོ་སྣང་ཆེ་བའི་རྩོམ།