ཀླུ་འབུམ་བྱམས། མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-04
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་སྤྱི་ཟླ3པའི་ཚེས2ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། གསར་དུ་བསྐོས་པའི་གསར་འགྱུར་མགྲིན་ཚབ་པ་ལོས་ཞིན་ཧྭ་ཡིས་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ལ་ཐེངས་འདིའི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་གསར་འགོད་པའི་དྲི་བར་ལན་བཏབ། ལོས་ཞིན་ཧྭ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་དེ་ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་རྒྱུ་དང་། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་མཇུག་བསྡུ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན་དགུ་ཡིན་པ་གཏན་ལ་ཕབ་ཟེར།
ལོས་ཞིན་ཧྭ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ནི་སྐབས་བརྗེ་ཚོགས་འདུ་ཡིན་པ་དང་། སྐབས་གསར་བའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མིང་ཐོའི་ཡོང་ཁུངས་ཁྱབ་ཆེ་བ་དང་། གྲུབ་ཚུལ་ཧྲིལ་བོ་ཅུང་ལུགས་དང་མཐུན་ལ། ཨུ་ཡོན་གསར་བ་དང་ཨུ་ཡོན་ཕྱིར་འབུད་པའི་བསྡུར་ཚད་ཅུང་འོས་འཚམ་ཡིན་པ་སོགས་ཀྱི་ཁྱད་ཆོས་ལྡན་ལ། སྒོས་སུ་ཕྱོགས་བསྡུས་བྱང་ཚད་གདམ་མིའི་ཁྲོད་དུ་ལས་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་བསྡུས་ཡོད་པ་དང་། སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་ཡན་གྱི་ཐོབ་ཐང་ཡོད་པའི་ཨུ་ཡོན་གྱིས་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་དགུ་ཟིན་ཡོད་པས། སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་ཇེ་མཐོར་ཕྱིན་ཟེར།
ལོས་ཞིན་ཧྭ་ཡིས་ད་དུང་ཏེའོ་ཡུས་གླིང་ཕྲན་གྱི་གནད་དོན་དང་བྱ་བའི་སྤྱོད་སྟངས་ལེགས་སྒྱུར་བྱེད་པ་སོགས་ཀྱི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10