ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ།

        2013-03-01

2013ལོའི་ཟླ2ཚེས26ཉིན་ནས་ཚེས28ཉིན་བར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་ཨུ་ཡོན204དང་རྗེས་སྣོན་ཨུ་ཡོན168 དེ་མིན་འབྲེལ་ཡོད་བློ་མཐུན་བཅས་ཚོགས་འདུར་ཞུགས།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་མཚམས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་གྲོས་འགོ་འདོན་རྒྱུའི་མཚན་ཐོ་དང་།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་མཚམས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་གྲོས་འགོ་འདོན་རྒྱུའི་མཚན་ཐོར་གྲོས་འཆམ་བྱུང་བ་དང་།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་དང་འགན་ནུས་ལེགས་བསྒྱུར་བྱ་རྒྱུའི་ཇུས་གཞི》ལ་གྲོས་འཆམ་བྱུང་ཞིང་།རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཇུས་གཞི་འདི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་གནང་བར་འབུལ་རྒྱུའི་གྲོས་འགོ་བཏོན་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་སྔར་ལས་དམ་པོར་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་།ལས་སྒྲུབ་ཏན་ཏིག རྡོག་རྩ་གཅིག་སྒྲིལ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་གཏན་འབེབས་གནང་བའི་དམིགས་ཡུལ་དང་ལས་འགན་དངོས་སུ་སྒྲུབ་ཆེད་ཐུན་མོང་དུ་འབད་འཐབ་བྱ་དགོས་ཞེས་འབོད་སྐུལ་གནང་བ་རེད།
  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ཞིང་ལས་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད57%ཟིན་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།