རང་རྒྱལ་གྱི་ཞིང་ལས་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད57%ཟིན་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2013-03-01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པའི་ལོ9ཡི་ཚུན་རང་རྒྱལ་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་བརྟན་པོའི་ངང་འཕར་བ་དང་། 2012ལོའི་ཞིང་ལས་སྐྱེ་དངོས་ཀྱི་རྨོ་འདེབས་བསྡུ་གསུམ་གྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད་དེ57%ཟིན་ཡོད་པ་རེད།

གསར་འགོད་པས་སྤྱི་ཟླ2པའི་ཚེས26ཉིན་ཧང་ཀྲོའུ་རུ་འཚོགས་པའི་རྒྱལ་ཡོངས་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་གསལ།ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་དེ2004ལོ་ནས་ལག་བསྟར་བྱས་ཚུན་རྒྱལ་ཡོངས་སུ་རིགས་ཁག་ཞིང་འཕྲུལ་ཁྲི2272.6ཁ་གསབ་ཉོ་སྒྲུབ་བྱས་པས་ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་དུང་ཕྱུར10ཟིན་ནས་ཞིང་འཕྲུལ་ཅན་གྱི་འཕེལ་རྒྱས་ཆུ་ཚད་མགྱོགས་སུ་ཕྱིན་པ་དང་། རྒྱལ་ཡོངས་སུ་གྲོའི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། འབྲས་ཀྱི་ཞིང་འཕྲུལ་འདེབས་འཛུགས་ཆུ་ཚད་དེ2005ལོའི7.1%ནས30%བར་མཐོ་རུ་ཕྱིན་པ། མ་རྨོས་ལོ་ཏོག་གི་འཕྲུལ་བསྡུ་ཆུ་ཚད4%ནས40%བར་མཐོ་རུ་ཕྱིན་པ་བཅས་བྱུང་ནས་ཞིང་ལས་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། ཡིན་ནའང་། རང་རྒྱལ་གྱི་ཞིང་འཕྲུལ་ཅན་གྱི་འཕེལ་རྒྱས་ཆུ་ཚད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན་སྔར་བཞིན་ཧེ་བག་མི་ཉུང་བ་ཞིག་ཡོད་པ་དང་ལྷག་པར་དུ་དཔལ་འབྱོར་སྐྱེ་དངོས་འཕྲུལ་བསྡུ་བྱེད་ཚད་ཅུང་དམའ་བ་སྟེ། བ་དམ་འཕྲུལ་བསྡུ་བྱེད་ཚད20%ཡང་ཟིན་མེད་པ་དང་། པད་ཁ་དང་སྲིང་བལ་འཕྲུལ་བསྡུ་བྱེད་ཚད10%ཡང་ཟིན་མེད། ཀྲང་ཐའོ་ལིན་གྱིས་སླད་ཕྱིན་དུས་སྐབས་ཤིག་རིང་སྔར་བཞིན་རང་རྒྱལ་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོར་གཏོང་དང་། ཞིང་འཕྲུལ་སྒྲིག་ཆས་གྲུབ་ཆ་ལེགས་སྒྲིགཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེར་གཏོང་བཅས་ཤུགས་ཆེན་བྱས་ནས་འབྲུ་རིགས་སྐྱེ་དངོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་སྔོན་ལ་འཕེལ་རྒྱས་བཏང་སྟེ་བརྒྱུད་རིམ་ཧྲིལ་པོ་དང་ཁྱོན་ཡོངས་ཀྱི་འཕྲུལ་ཆས་ཅན་ལ་རིམ་གྱིས་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།  །

  • ལེ་ཚན་སྔོན་མ།:བོད་རང་སྐྱོང་ལྗོངས་སུ་ཞིང་བའི་དཔེ་ཁང5451དང་དགོན་པའི་དཔེ་ཁང1700ཡོད་པ།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པ
  • དོ་སྣང་ཆེ་བའི་རྩོམ།