མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-01
ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུའུ་ཡི་སྡོད་དམངས་བསོད་ནམས་དར་རྒྱས་ཀྱིས་ཞིང་བའི་དཔེ་ཁང་དུ་དཔེ་ཆར་ལྟ་བཞིན་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་ཚོགས་པའི་བོད་ལྗོངས་གསར་འགྱུར་པར་སྐྲུན་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་ཞིང་བའི་དཔེ་ཁང་དང་། དགོན་པའི་དཔེ་ཁང་ལས་པའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་ཐད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། 2012ལོའི་བར་དུ། ལྗོངས་ཡོངས་སུ་བསྡོམས་པས་ཞིང་བའི་དཔེ་ཁང5451དང་དགོན་པའི་དཔེ་ཁང1700ཡོད་ལ། ཞིང་བའི་དཔེ་ཁང་འཛུགས་སྐྲུན་བྱས་པའི་ཚད་ནུབ་རྒྱུད་ས་ཁུལ་གྱི་སྔོན་གྲལ་དུ་བསླེབས་ཡོད་པ་དང་། དགོན་པའི་དཔེ་ཁང་འཛུགས་སྐྲུན་བྱེད་པའི་བྱ་བ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་བཞིན་ཡོད། དཔེ་ཁང་འཛུགས་སྐྲུན་བྱེད་པའི་བྱ་བ་དེས་ཕྱོགས་ཡོངས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཤེས་བྱའི་དགོས་མཁོ་དང་རིག་གནས་ཀྱི་དགོས་མཁོ་བསྐང་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10