བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-03-01
《ཤེས་རབ་ཀྱི་ནོར་འཚོལ་བ》ཞེས་པའི་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱ་སྐད་གཉིས་ཀྱི་འགུལ་རིས་བརྙན་འཕྲིན་ཁག་གཉིས་པ་སྟེ《གཙོད》ཅེས་པའི་མཇུག་མཐའི་སྒྲིག་བཟོ་བྱེད་བཞིན་སྒང་ཡིན་ཞིང་། ད་ལོའི་ཟླ་བཞི་པར་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།
ལེའུ་ལྔ་ཅན་གྱི་འགུལ་རིས་བརྙན་འཕྲིན《གཙོད》ནི་རྒྱལ་ཁབ་ཀྱི་བྱ་དགའ་གྲགས་ཅན་ཐེངས་དུ་མར་ཐོབ་པའི་བྱིས་པའི་གར་སྟེགས་ཟློས་གར《གཙོད》ཅེས་པ་ནས་བསྒྱུར་སྒྲིག་བྱས་ཤིང་། འགུལ་རིས་བརྙན་འཕྲིན་འདིའི་ཁྲོད་གཞུང་དྲང་ཞིང་སྙིང་སྟོབས་ཆེ་བའི་བུ་ཆུང་སྐལ་བཟང་དང་ཁོང་གི་ཨ་ཅེ་གསལ་སྒྲོན་གཉིས་ཀྱིས་རི་དྭགས་གཙོད་ཆུང་ཆུང་ཞིག་ལ་སྲུང་སྐྱོབ་བྱེད་ཆེད། ཉེན་ཁ་ཆེ་བའི་ཁོར་ཡུག་དང་གདུག་སྤྱོད་ཅན་གྱི་རྔོན་པ་ལས་མཐར་དུ་བཅུག་ནས་གཙོད་ཆུང་ཆུང་དེ་ཕྱིར་རང་བྱུང་ཁམས་སུ་བསྐྱལ་པའི་གཏམ་རྒྱུད་བརྗོད་པ་རེད།
མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་འགུལ་རིས་གོང་སྤེལ་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲང་ཅིན་ཡོན་ལགས་ཀྱིས་བཤད་རྒྱུར། འགུལ་རིས་བརྙན་འཕྲིན་གྱི་རྣམ་པ་བརྒྱུད་ནས་གཞོན་ནུ་དང་ལོ་ཆུང་། ཁོང་ཚོས་བྱིས་པ་རྣམས་ཀྱིས་གཞུང་དྲང་དང་ཡིད་རྟོན། དྲིན་གཟོ་བའི་གཤིས་རྒྱུད་ལེགས་པོ་སྐྱེད་སྲིད་བྱེད་པ་ཡིན་ཞིང་། མི་དེ་ལས་མང་པོ་ཞིག་གིས་མཐོ་སྒང་གི་སྐྱེ་ཁམས་དང་མཐོ་སྒང་གི་སྲོག་ཆགས་ལ་མཐོང་ཆེན་བྱེད་དུ་འཇུག་པ་ཡིན་ཞེས་བརྗོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10