རང་རྒྱལ་གྲོང་གསེབ་ཀྱི་དབུལ་སྐྱོར་ཁ་གཏད་མི་གྲངས་ཁྲི9899ཉུང་དུ་ཕྱིན་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-03-01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ན་ནིང་ནས་བཟུང་། རང་རྒྱལ་གྲོང་གསེབ་ཀྱི་དབུལ་སྐྱོར་ཁ་གཏད་མི་གྲངས་བྱེ་བ2.339ཉུང་དུ་ཕྱིན་ཡོད་ཅིང་། སྤྱིའི་གཞི་ཁྱོན་མི་གྲངས་བྱེ་བ9.899བར་ཆགས་ཡོད་པས་གྲོང་གསེབ་ཁྱིམ་དུད་མི་འབོར་གྱི་ཆག་ཚད་ནང་བསྡུར་གྲངས10.2%བཟུང་ཡོད་པ་རེད། སྤྱི་ལོ2012ལོར་རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་ཐད་མ་འཇོག་བྱེད་པ་སྔར་བས་མང་དུ་བཏང་ཡོད་ཅིང་། ཀྲུང་དབྱང་ནོར་སྲིད་ནས་ཕྱོགས་བསྡུས་དབུལ་སྐྱོར་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར2996ཟིན་པས་ལོ་གོང་མ་དང་བསྡུར་ན31.9%འཕར་ཡོད། ཞིང་ལྗོངས་དང་གྲོང་ཁྱེར28ཀྱི་ནོར་སྲིད་ནས་སྔོན་རྩིས་བྱས་ན་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར147.8བཀོད་སྒྲིག་བྱས་ཡོད་པ་དང་། ཀྲུང་དབྱང་དམིགས་འཛུགས་དབུལ་སྐྱོར་ཐད་རོགས་དངུལ་སྒོར་དུང་ཕྱུར18.98ཟིན་པ་དང་། རིགས་སྣ་ཚོགས་ཀྱི་མ་དངུལ་ནང་འདྲེན་བྱས་པ་སྒོར་དུང་ཕྱུར90.34ཟིན་ཡོད་པ་རེད།སྤྱི་ལོ2012ལོའི་ལོ་མཇུག་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་བསྡུས་ཡུག་གཅིག་སྦྲེལ་བའི་དམིགས་བསལ་དབུལ་ཕོངས་དཀའ་ངལ་ཡོད་པའི་ས་ཁུལ་ཁྱབ་ཁོངས11གི་གོང་འཕེལ་དང་དབུལ་སྐྱོར་འགག་སྒྲོལ་འཆར་འགོད་ལ་མཆན་བཀོད་བཀའ་ལན་བྱས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཡུག་གཅིག་སྦྲེལ་བའི་དབུལ་སྐྱོར་འགག་སྒྲོལ་འཆར་འགོད་ཁྱོན་ཡོངས་ནས་འགོ་ཚུགས་པ་དང་། དམངས་འཚོའི་ལས་གྲྭ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འགའ་ཞིག་སྔོན་ལ་ལག་ལེན་བསྟར་ཡོད་ཅིང་། ལས་ཁུངས310དམིགས་བཙུགས་ཀྱི་དབུལ་སྐྱོར་ནང་ཞུགས་པ་དང་། ཐེངས་དང་པོར་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཡོངས་ལ་ཁྱབ་ཡོད་པ་རེད།དུས་མཚུངས་སུ་ཀྲུང་དབྱང་ནོར་སྲིད་ནས་ཀྲུང་དབྱང་གི་ཆེད་དམིགས་བྱ་དགའི་འཛིན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར9བཀོད་སྒྲིག་བྱས་ཏེ། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱས་ཡོད་པ་རེད། རྔ་བ་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་དང་གྲུམ་བུ་ཚིག་ཆེན་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ལས་དོན་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་ཡོད་པ་རེད། བོད་ལྗོངས་ཀྱི་སྦྲེང་ཟམ་བསྒྱུར་བཅོས་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་། རང་རྒྱལ་གྱིས་དབུས་ནུབ་རྒྱུད་ཀྱི་དབུལ་ཕོངས་གྲོང་ཚོ་ཡུག་གཅིག་ཏུ་ལེགས་སྒྲིག་བྱེད་པའི་ལས་འགན་སྐུལ་སྤེལ་ལེགས་གྲུབ་བྱེད་རྒྱུ་ཡིན་པ་དང་། འཚོ་གནས་ཆ་རྐྱེན་ཧ་ཅང་ཞན་པའི་ས་ཁུལ་ས་ཡ2.4གྱི་གྲོང་གསེབ་ཀྱི་དབུལ་སྐྱོར་མི་འབོར་ལ་གནས་སྤོས་དབུལ་སྐྱོར་ལག་ལེན་བསྟར་རྒྱུ་ཡིན་རེད།  །

 
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་སོགས་མགོ་ཁྲིད་བློ་མཐུན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལ་བདམས་པ།
  • ལེ་ཚན་རྗེས་མ།:བོད་རྒྱ་སྐད་གཉིས་ཀྱི་འགུལ་རིས་བརྙན་འཕྲིན《གཙོད》ཅེས་པ་ཟླ་བཞི་པར་གཏོང་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།